ཞིང་ཆེན་བརྒལ་བའི་སྨན་རིན་བསྡོམས་རྩིས་རྒྱག་རྒྱུ་སྟབས་བདེ་རུ་ཕྱིན།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-02-05

ཞིང་ཆེན་བརྒལ་བའི་སྨན་རིན་བསྡོམས་རྩིས་རྒྱག་རྒྱུ་སྟབས་བདེ་རུ་ཕྱིན།


       རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཉིན་ཤས་གོང་། 2022ལོར་རང་རྒྱལ་གྱི་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་བསྡོམས་རྩིས་རྒྱག་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། རྫོང་རེར་ཉུང་མཐར་ཡང་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་རྒྱག་སའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་གཅིག་ཡོད་པ་དང་། གཅིག་གྱུར་འཆར་འགོད་ས་ཁོངས་ཧྲིལ་པོར་སྒོ་བསྟེན་སྨན་བཅོས་བྱེད་དགོས་པའི་གཅོང་ནད་དང་དམིགས་བསལ་ནད་རིགས་5ཡི་འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་པ་བྱུང་ཡོད་ཅེས་བསྟན་འདུག 

       རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས། 2022ལོར་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་རྒྱག་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་པ་དང་། རྫོང་རེར་ཉུང་མཐར་ཡང་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་གཅིག་གིས་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཚུད་པའི་སྨན་བཅོས་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་ཅེས་ངོ་སྤྲོད་བྱས་འདུག 2022ལོའི་ཟླ་དང་པོ་ནས་ཟླ་བཅུ་གཉིས་པའི་བར། རང་རྒྱལ་གྱིས་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་བརྒྱབ་ནས་མི་ཐེངས་ཁྲི་3812.35ལ་ཕན་པ་ཐོབ་པ་དང་། ཐེབས་རྩས་སྒོར་དུང་ཕྱུར་809.19སྤྲད་ཡོད། དུས་མཚུངས་སུ། སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པའི་ལས་དོན་ཡང་བརྟན་པོའི་ངང་སྤེལ་ཡོད། 2022ལོའི་ཟླ་12ཟླ་མཇུག་བར། རང་རྒྱལ་གྱི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་རྩིས་རྒྱག་པའི་དྲ་སྦྲེལ་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་གྲངས་འབོར་ཁྲི་6.27ཟིན་ཡོད།2022ལོའི་ཟླ་1པོ་ནས་ཟླ་12པའི་བར། རང་རྒྱལ་གྱི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་བརྒྱབ་པའི་མིའི་ཐེངས་གྲངས་ཁྲི་568.79ཟིན་པ་དེ་2021ལོ་ལས་མིའི་ཐེངས་གྲངས་ཁྲི་128.20འཕར་བ་དང་། ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་762.33ཟིན་པ་དེ་2021ལོ་ལས་སྒོར་དུང་ཕྱུར་137.70འཕར་ཡོད།

       གཞན་ཡང་། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་ཡོད། 2022ལོའི་ཟླ་12པའི་ཟླ་མཇུག་བར། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་དྲ་སྦྲེལ་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁྲི་8.87དང་དམིགས་འཛུགས་སིལ་ཚོང་སྨན་ཚོང་ཁང་ཁྲི་22.62ཟིན་ཡོད། 2022ལོའི་ཟླ་1པོ་ནས་ཟླ་12པའི་བར། རང་རྒྱལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་བརྒྱབ་པའི་མི་ཐེངས་ཁྲི་3243.56ཟིན་པ་དེ་2021ལོ་ལས་169.6%འཕར་བ་དང་། ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་46.85ཟིན་པ་དེ་2021ལོ་ལས་179.1%འཕར་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པར་ཞུགས།
  • ལེ་ཚན་རྗེས་མ།:ཡུན་བོད་ལྕགས་ལམ་གྱི་འཕེལ་རིམ་མྱུར་བ།
  • དོ་སྣང་ཆེ་བའི་རྩོམ།