དེ་རིང་ནས་བཟུང་རང་ཁུལ་གྱིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་རྒྱུ་རེད།

སྐལ་ཐུབ་ཀྱིས་བསྒྱུར།        2023-02-05

   དེ་རིང་ནས་བཟུང་རང་ཁུལ་གྱིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་རྒྱུ་རེད།

    2023ལོའི་ལོ་འགོ་བཙུགས་པ་ན། དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་རིམ་པའི་སྡེ་ཚན་གྱི་མགོ་ཁྲིད་རྒན་པ་ཚོས་བཅར་མོལ་བརྙན་ཐུང་བརྒྱུད་དེ་ལོ་འཁོར་གྱི་ལས་དོན་གཙོ་བོར་དམིགས་ནས་མང་ཚོགས་ལ་བསམ་ཕྱོགས་གླེང་བ་དང་བྱེད་ཐབས་སྨྲ་བ། འཕེལ་རྒྱས་དོན་དུ་གཉེར་བ། དམིགས་འབེན་བཤད་རྒྱུ་ཡིན་པར་མ་ཟད། ཁས་ལེན་དམ་བཅའ་ཡང་བྱ་རྒྱུ་རེད།

   འདི་ནི2023ལོར་དཀར་མཛེས་ཁུལ་གྱིས་ཅི་འདྲ་བཤད། ཅི་འདྲ་བྱ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་སྤེལ་བའི་ནང་དོན་གྱི་འགོ་མ་རེད། རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། ཞིང་ཆེན་ཏང་ཨུའི་སྤྱིའི་སྣེ་ཁྲིད་དང་སྤྱིའི་གཞི་འཛིན་ས། སྤྱིའི་བསམ་ཕྱོགས་ཞེས་པའི་སྤྱི་ཁྱབ་བཀོད་སྒྲིག་ལ་དམིགས་ནས། སྤྱི་ཚོགས་ཡོངས་ཀྱིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་དང་གསོན་ཤུགས་བསླངས་ཏེ། དུས་ཚིགས་དང་པོར་འགོ་བཙུགས་ནས་གནས་སར་འབྱོར་བ་དང་། དུས་ཚིགས་གཉིས་པར་འཕེལ་རྒྱས་མགྱོགས་པོར་གཏོང་བ། དུས་ཚིགས་གསུམ་པར་མུ་མཐུད་གོང་དུ་སྤེལ་བ། དུས་ཚིགས་བཞི་པར་མཇུག་བརྟན་པོར་བསྡུ་ཐུབ་པའི་ཆེད་དུ་རེད།

 དེ་རིང་ནས་བཟུང་རང་ཁུལ་གྱིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་རྒྱུ་རེད།

    བྱེད་སྒོ་དེ་ནི་རང་ཁུལ་གྱི་སྤྱི་འཛིན་དང་དགོས་གཏུག་གི་ཆབ་སྲིད་ལས་འགན་ཞིག་ཡིན་ཞིང་། ཚ་ཚ་འུར་འུར་དང་ངར་ཤུགས་ཆེན་པོ་ཡིན་དགོས་ལ། དོ་དོ་ཏན་ཏན་དང་དོན་འབྲས་དངོས་གཉེར་ཡང་ཡིན་དགོས། ཅི་འདྲ་བཤད་པའི་ཐད་ལ་བཅོས་བསྒྱུར་གསར་གཏོད་དང་ཁ་གསལ་བ། དོན་དངོས་དང་ཟུང་དུ་འབྲེལ་བའི་ལས་དོན་གྱི་བསམ་ཕྱོགས་གདོན་དགོས་པ་དང་། ད་ལོའི་ལས་དོན་གཙོ་བོར་དམིགས་ནས་བཀོལ་སྤྱོད་བདེ་ལ་ཚད་འབེབས་ཐུབ་པ། འགྲུབ་ཐུབ་པའི་དམིགས་འབེན་ལས་འགན་གདོན་དགོས། བཏོན་པའི་དམིགས་འབེན་ལས་འགན་ལ་དམིགས་ནས་འཕེལ་རྒྱས་དང་བརྟན་བརླིང་ལས་དོན་ལ་སྐུལ་བའི་དངོས་ཡོད་ཐབས་ཤེས་གནད་ལ་སྨིན་ཅིང་གཙོ་གནད་གསལ་བའི་སྒོ་ནས་བཤད་དགོས་པར་མ་ཟད། དོན་ཆེན་དང་གནད་ཆེན3ནས5བར་གདོན་དགོས། ཅི་འདྲ་སྒྲུབ་པའི་ཐད་ལ་མགོ་ཁྲིད་རྒན་པ་ཚོས་ལས་དོན་གྱི་ཐབས་ཇུས་གླེང་བ་སྟེ། དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་དུས་ཚོད་ཁ་གསལ་དང་ལས་སྟངས་འཆར་རིས་བཟོ་བ། འགན་འཁྲིའི་འབྲེལ་རྒྱུད་འཐུས་ཚང་དུ་གཏོང་བ། རྣམ་གྲངས་རེ་རེ་བཞིན་བགོ་བ། གསལ་ཐོ་ཞིབ་ཕྲ་བཟོ་བ། གནད་ཚིགས་ལ་འཁེལ་བ་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་ཚོང་གཉེར་ཁོར་ཡུག། སྤྱོད་ཚུལ་འཛུགས་སྐྱོང་སོགས་དམ་དུ་བཟུང་ནས་ཅི་འདྲ་སྒྲུབ་པའི་བླང་བྱ་དོན་ཐོག་འཁྱོལ་དགོས། ཅི་འདྲ་བལྟ་བའི་ཐད་ལ་ལས་དོན་གྱི་ཕན་འབྲས་དང་དཔྱད་ཞིབ་ཀྱི་ཁྲིད་ཕྱོགས་མངོན་དགོས་ཤིང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་དང་། ཁུལ་རིམ་པའི་ཞིབ་དཔྱད་མཇུག་འབྲས། ཞིང་ཆེན་རིམ་པའི་ཞིབ་དཔྱད་མཇུག་འབྲས་བཅས་ལ་བལྟས་ནས་བརྟག་བསྡུར་བྱ་རྒྱུ་ཡིན་ཞིང་།  ཐེངས་འདིའི་བྱེད་སྒོའི་ཁྲོད་དུ་མང་ཚོགས་ཀྱི་བསྔགས་བརྗོད་ཡོད་མེད་ནི་མགོ་ཁྲིད་ལས་བྱེད་པའི་ལས་འབྲས་ཀྱི་ཚད་གཞི་གལ་ཆེན་དུ་བརྩི་རྒྱུ་ཡིན་ལ། དཔྱད་ཞིབ་མཇུག་འབྲས་ཀྱང་ལོ་མཇུག་གི་སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་ཀྱི་གཞི་འཛིན་ས་གལ་དུ་བརྩི་རྒྱུ་རེད།

   ཁུལ་རིམ་པའི་འཕྲིན་སྦྱོར་གྱིས་སྤྱི་ཟླ2པའི་ཚེས5ནས22བར་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། དེ་བཞིན་ཁུལ་རིམ་པའི་སྡེ་ཚན་ཁག་གི་འགན་ཁུར་བ་རྒན་པ་ཚོར་ཆེད་དུ་བཅར་འདྲི་ཞུ་བ་དང་། བརྙན་ཐུང་བཟོས་ནས་གཏང་བར་མ་ཟད། ལོ་ཧྲིལ་པོར་དེའི་སྐོར་གྱི་གནས་ཚུལ་རྗེས་འདེད་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:གསེར་རྟ་ཉི་ན་ཐང་འདམ་ར་རྒྱལ་སྤྱིའི་འདམ་ར་གཙོ་བོའི་གྲས་སུ་ཚུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།