རང་ཁུལ་གྱི་ལས་གཏོད་པ་དང་ཁེ་ལས་པ་འདི་ཚོར་རྟེན་འབྲེལ་ཞུ།

        2023-02-07

 ཉེ་ཆར། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སི་ཁྲོན་ཞིང་ཆེན་གྱི་ཕ་ཡུལ་དུ་ཕྱིར་ལོག་མཁན་ལས་གཏོད་མི་སྣ་གྲགས་ཅན་དང་ཁེ་ལས་པ་གྲགས་ཅན(ལས་གཞི)ཁག་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། རང་ཁུལ་གྱི་ཁྲེན་ཏེ་ཚའེ་དང་དབྱང་ཡུང་། ཡུས་ཙེ་ཆིང་། བཀྲ་ཤིས་ལྷ་མོ། ཙའོ་ཞའོ་ལིན་བཅས་ལྔ་མིང་ཐོའི་ནང་ཚུད་ཡོད་པ་རེད།

མིང་ཐོ་གཤམ་གསལ།

    ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱི་ཕ་ཡུལ་དུ་ལོག་མཁན་ལས་གཏོད་མི་སྣ་གྲགས་ཅན་དང་ཁེ་ལས་པ་གྲགས་ཅན(ལས་གཞི)ཁག་གཉིས་པའི་སྔོན་ཐོན་དཔེ་བཟང་འདེམས་སྐྱོང་བྱེད་སྒོ་དེ་གྲོང་ཁྱེར་དང་རྫོང(ཆུས)གིས་ཡིག་ཞུ་བྱས་པ་དང་། ཞིང་ཆེན་ཞིང་པ་ལས་མིའི་གཞུང་ལས་ཁང་གིས་ཞིབ་དཔྱད་བྱས་ཤིང་། དྲྭ་ཐོག་ནས་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་ནས་བདམས་ཐོན་བྱུང་བ་རེད།



བདེ་ཆེན་གྱིས་བསྒྱུར།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:དེ་རིང་ནས་བཟུང་རང་ཁུལ་གྱིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་བསྐྲུན་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་སྐྲུན་པར་ཤུགས་བསྣན་དགོས་ཞེས་གསུངས།
  • དོ་སྣང་ཆེ་བའི་རྩོམ།