སྤྲོ་དགའི་ཁྲོད་ནས་ལོ་སར་རོལ།། གནམ་གང་ཟ་མའི་བྲོ་བ་བཟང་།།

ཀུན་དགས་བསྒྱུར།        2023-02-08

9•5ལྕགས་ཟམ་རྫོང་ས་འགུལ་གནོད་ཐེབས་ཁུལ་ མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་བསུས།

སྤྲོ་དགའི་ཁྲོད་ནས་ལོ་སར་རོལ།། གནམ་གང་ཟ་མའི་བྲོ་བ་བཟང་།།

སྤྱི་ཟླ་དང་པོའི་ཚེས21ཉིན། ཡང་ལོ་གཅིག་གི་གནམ་གང་དགོང་མོའི་ཁ་ལག་ཟ་འགོ་བཙུགས་ཤིང་།ཉིན་དེའི་ཆུ་ཚོད་བཅུ་པ་ཙམ་ལ་གསར་འགོད་པ9•5ལྕགས་ཟམ་རྫོང་ས་འགུལ་བྱུང་ཁུལ་གདན་ཐོག་གྲོང་རྡལ་དར་རྒྱས་གནས་སྐབས་བཀོད་སྒྲིག་ས་ཚུགསBཁུལ་གྱི་སྤྱི་པའི་ཐབ་ཚང་དུ་སླེབས། སྐབས་དེར་གནོད་ཐེབས་མང་ཚོགས་ཀྲེན་ཡན་གྱིས་གླུ་གཞས་གཏོང་ཞོར་གནམ་གང་ཟ་མ་ལས་བཞིན་པ་མཐོང་།

ཉེ་འགྲམ་དུ་ཡོད་པའི་ཨ་མས་སྔ་ནས་གྲ་སྒྲིག་བྱས་པའི་སྡིག་སྲིན་གཙང་མར་བཀྲུ་བཞིན་པ་དང་། ཨ་ཕ་དང་གཅུང་པོ་གཉིས་ཀྱིས་བར་ཁྱམས་སུ་ལོ་སར་གྱི་མཁོ་ཆས་བཤམས་ནས་གྲ་སྒྲིག་གང་ལེགས་བྱས། ད་ལོར་ནང་མི་ཚང་མས་པང་ཁང་དུ་གནམ་གང་ཐོག་མར་གཏོང་བཞིན་ཡོད་ཀྱང་།ལོ་སར་གྱི་གསོལ་སྟོན་གྲ་རྒྱས་པོ་བྱས།

དབན་ཏུང་གྲོང་སྡེའི་ཡུལ་མི་ཀྲེང་ཡན་ནི་ལོ་རབས80པའི་ནང་སྐྱེས། མོས་རྒན་རབས་ཚོའི་སྲོལ་རྒྱུན་ལ་སྣང་ཆེན་བྱེད་པར་མ་ཟད། ན་གཞོན་ཚོའི་མཛད་སྒོ་ལའང་བརྩོན་ལེན་བྱེད་ཀྱི་ཡོད། མོས་ཁྱིམ་འདི་ནི་གནས་སྐབས་ཀྱི་ཁྱིམ་ཡིན་ཏེ་ཡག་ས་བཟང་ས་ཞིག་མེད་ཀྱང་ལོ་སར་ཐབས་ཆག་བྱེད་མི་རུང་། ད་ལོའི་ལོ་སར་ལ་ངས་ཕག་ཤ་དང་། ཉ་ཤ། སྡིག་སྲིན་སོགས་ཚལ་རིགས་བཅུ་ཙམ་གྲ་སྒྲིག་བྱས་ཡོད་པས་དེ་ནི་བཟང་པོ་བཅུ་འཛོམས་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་མཚོན་པ་ཡིན་ཞེས་བཤད།

ཉིན་གུང་ཙམ་ལ། ཁ་ལག་གཏོང་གི་ཡིན་ཞེས་སྤྱི་པའི་ཐབ་ཚང་ནས་བུད་མེད་གཉིས་ཀྱི་འབོད་སྒྲས་ཁེངས། དེ་དང་ཆབས་ཅིག་ཚལ་རིགས་བྲོ་བ་ཞིམ་པོ་མང་པོ་ཐོན་པ་དང་གྲལ་བསྟར9པའི་ཨང111པའི་ཀྲེན་ཡན་ཚང་དུ་དེ་མ་ཐག་མི་ཚོགས་ཀྱིས་ཁེངས་པ་དང་འཁྲུག་ཆ་དོད་པོར་གྱུར། སྐབས་དེར། ཁྱིམ་བདག་སྤོ་བོ་ཀྲེན་ལགས་ཀྱིས་ཇ་ཡིས་ཆང་གི་ཚབ་བྱས་ནས་ཚང་མར་ལོ་སར་སྐྱིད་པོ་གཏོང་རོགས། ལོ་སར་རྗེས་ནས་ཡང་ཚང་མས་བསྐྱར་བསྐྲུན་ལས་ཀར་ཤུགས་རྒྱོབ། དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞེས་སྨོན་འདུན་ཞུས།

ནང་མི་ཚང་མས་ལོ་ལྔ་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་ཚང་མ་ས་འགུལ་གྱི་རི་ཉིལ་ཁྲོད་དུ་ལྷུང་། ཕག80ལྷག་གི་ནང་ནས་ཕྱེད་ཀ་ཙམ་ལས་སྐྱོབ་ཐུབ་ཀྱི་མེད་པས་ཡོང་འབབ་ཧ་ཅང་ཉུང་དུ་ཕྱིན་ཡོད་ཀྱང་ཀྲེན་ཡན་དང་ཁོང་གི་ནང་མི་རྣམས་བློ་ཕམ་ཡིད་ཆད་བྱུང་མེད། གསོལ་སྟོན་ཐོག་ཕན་ཚུན་ལོ་སར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ལོ་སར་རྗེས་ནས་ཡང་ཕག་པ་ཡག་པོར་གསོ་རྒྱུ་དང་། དངུལ་མང་པོ་རག་ཐབས། ཁང་པ་ཡག་པོ་རྒྱག་རྒྱུའི་བསམ་ཚུལ་བཤད་ཀྱིན་ཡོད།

ལྕགས་ཟམ་རྫོང་གི་ས་འགུལ་གནོད་ཐེབས་ཁུལ་དུ་ལོ་སར་སྐབས་ཕག་པ་བཤས་ནས་ཕག་མགོ་དང་ཕག་རྔ་ཟ་བ་ནི་ཁྱིམ་ཚང་ཚང་མས་ད་བར་རྒྱུན་འཛིན་བྱས་པའི་ལོ་སར་གྱི་གོམས་སྲོལ་ཞིག་ཡིན་ལ་ཕ་ཡུལ་དུ་ཕྱིར་ལོག་པའི་མགྲོན་པོར་བསུ་མ་བྱེད་སྲོལ་ཞིག་ཀྱང་རེད། གདན་ཐོག་གྲོང་རྡལ་ནས་འབོ་ཞབས་གྲོང་རྡལ་ཆིང་ཀང་ཕིང་གྲོང་སྡེའི་བར་ལ་རླངས་འཁོར་སྤྱི་ལེ་བཅུ་ལྷག་ཙམ་གཏང་དགོས་ཤིང་། གསར་འགོད་པས་རི་འགོ་བསྐོར་ནས་ཚོ་ཆུང་གཉིས་པར་སླེབས། གཏོར་སྐྱོན་ཅུང་ཐེབས་ཆུང་བ་དང་ཉམས་གསོ་བརྟན་གཏོང་གི་ལས་ཀ་ཁག་གྲུབ་ནས་ཞིབ་བཤེར་རྩིས་ལེན་ཟིན་པའི་ལུའི་ཏུང་ཚའེ་ཡི་ཁྱིམ་དུ་ལོ་སར་གཏོང་བཞིན་པ་མཐོང་།

ལུའི་ཏུང་ཚའེ་ནི་ཆིང་ཀང་ཕིང་གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་ཡིན།ཁོང་གི་ཁྱིམ་ཚང་ཡང་གྲོང་སྡེའི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། དབྱིས་རིགས་ལོ་སར་གྱི་སྔ་རྗེས་སུ་ལུའི་ཏུང་ཚའེ་ཡི་ཁྱིམ་ཚང་གིས་ཕག་ཆེན་པོ་གཉིས་བཤས་ནས་ཕག་ཤ་སོས་མ་རྒྱ་མ་ལྔ་བརྒྱ་ཙམ་ལ་ཚྭ་དང་སྣུམ་བྱུགས་ནས་ཐབ་སྟེགས་ཐོག་ཏུ་བཀལ་ནས་དུ་བས་བདུག་ཡོད། ད་ལྟ་བྲོ་བ་ཞིམ་པའི་ཤ་བསྙལ་མར་གྱུར་ཡོད་པས་དེ་ནི་ལོ་སར་སྐབས་ཀྱི་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན། དགུན་དུས་སུ་དབྱིས་རིགས་ཁྱིམ་གྱི་སྒོ་རའི་ནང་ལ་ཉི་མ་ཧ་ཅང་དྲོ། ལོ་སར་སྐབས་སུ་སྒོ་རའི་གཞོགས་ངོས་ཀྱི་ཅོག་ཙེའི་ཐོག་ཤིང་འབྲས་དང་།ཀ་ར།ཀུ་ཤུ་སོགས་བཞག་ཡོད། ཕྲུ་གུ་ཚོས་སྒོ་རའི་ནང་རྩེད་འཇོར་རོལ་བ་དང་། མི་ཆེན་པོ་ཚོས་ཐབ་ཚང་དུ་ཤ་བཙོ་བ་དང་ཚལ་བརྔོས་པ་སོགས་གནམ་གང་ཟ་མ་ལས་བཞིན་ཡོད། སྐབས་དེར་དབྱིས་རིགས་ལོ་སར་གྱི་བྲོ་བ་མཐོང་རྒྱུ་ཡོད།

ལོ་སར་སྐབས་སུ་བུ་བུ་མོ་སོགས་ནང་མི་ཕལ་ཆེར་ཁྱིམ་དུ་ལོག་པས་ཅོག་ཙེ་གཉིས་ཀྱི་ཐོག་ལ་མི30ལྷག་ཙམ་མཉམ་འཛོམས་བྱུང་ཡོད། ལུའི་ཏུང་ཚའེ་ཡིས་འཛུམ་དམུལ་དམུལ་ངང་བུ་ཡི་ལག་ནས་དབྱིས་ཚང་གི་སྐུ་མགྲོན་རྒན་རབས་ལ་ཕུལ་བའི་ཕག་ཤ་བླངས་རྗེས་འདི་ལོ་ང་ཚོའི་ཁྱིམ་ཆེན་གྱི་མི་ད་དུང་འཛོམས་མེད། མི་རབས་བཞིའི་ནང་མི70ལྷག་ཡོད། སང་ལོ་ནང་མི་ཚང་མ་འཛོམ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་ཆབས་ཅིག་ཏུ་ནང་མི་ཚང་མར་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས།

ལུའི་ཏུང་གིས་ས་འགུལ་འབྱུང་སྐབས་ང་ཚོའི་གྲོང་སྡེར་གནོད་འཚེ་ཚབས་ཆེན་ཕོག་ཡོད། སྟབས་ལེགས་པ་ཞིག་ལ་ཏང་ཨུ་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་རྟེན་སྲ་བརྟན་བྱས་ནས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཏེ་གནོད་འཚེ་ཕོག་པའི་སྡོད་ཁང་ཉམས་བཟོ་བསྐྱར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བར་མ་ཟད། ད་དུང་གནོད་འཚེ་ཕོག་པའི་མང་ཚོགས་དགུན་བརྒལ་ཐུབ་པའི་དྲོད་སྲུང་དངོས་ཟོག་མཁོ་འདོན་དང་ལོ་སར་གཏོང་བར་བཀྲ་ཤིས་པའི་མཁོ་ཆས་ཀྱང་སྤྲད་བྱུང་། སེམས་འགུལ་ཆེན་པོ་ཐེབས་པའི་སྐོར་གླེང་སྐབས་མཐེ་བོང་བསྒྲེངས་ནས་གུང་ཁྲན་ཏང་ཡག་པོ་རེད་ཅེས་བསྔགས་བརྗོད་བྱས།

ཁོང་གིས་ད་ཆ་ཆུ་གློག་ལམ་ཚང་མ་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་སྡེའི་སྡོད་ཁང་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་གི་འཕེལ་རིམ་ཡང་མགྱོགས་སུ་ཕྱིན་ཡོད། ལོ་གསར་པའི་ནང་ཆིང་ཀང་ཕིང་གྲོང་སྡེས་སྔ་སྣུར་དུ་ཇུས་འགོད་བྱས་ནས་གྲོང་སྡེ་དེར་རང་གི་འཕེལ་རྒྱས་དང་འཚམ་པའི་ཁྱད་ཆོས་འདེབས་འཛུགས་གསོ་ཚགས་དང་། གྲོང་སྡེའི་ཡུལ་སྐོར་ཐོན་ལས་བཙལ་ནས་ཡུལ་ཐོན་དང་དམིགས་བསལ་ཐོན་རྫས་རྣམས་གསེར་རྡོག་ཏུ་བསྒྱུར་ཏེ་གྲོང་སྡེ་ཡོངས་རྨོ་ཞིང་རྣམ་པ་ནས་ཞིང་ལས་ཡུལ་སྐོར་རྣམ་པའི་ཕྱོགས་སུ་འགྱུར་ལྡོག་གཏང་དགོས་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:གྲོང་སྡེའི་དགོང་ཚོགས་ལས་ལོ་སར་གྱི་ཉམས་འགྱུར་དང་བསྐྱར་སྐྲུན་གྱི་སྟོབས་ཤུགས་མངོན།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།
  • དོ་སྣང་ཆེ་བའི་རྩོམ།