སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།

ནོར་བུས་བསྒྱུར།        2023-02-09

   སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།

སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།

   སྤྱི་ཟླ2ཚེས7ཉིན་གྱི་སྔ་དྲོར། ཞིང་ཨུ་དྲིལ་བསྒྲགས་པུའུ་ཡིས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་། ཚན་རྩལ་ཐིང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཚན21དང་མཉམ་དུ་གཉེར་བའི་སི་ཁྲོན་ཞིང་ཆེན་ལོ་སར་བསུ་བའི་ཚན་རྩལ་ར་བ་སྐབས་ཉེར་ལྔ་པའི་ཚན་རྩལ་གཤམ་སྐྱོད་ཀྱི་གཅིག་སྡུད་དཔེ་སྟོན་ཞབས་ཞུའི་བྱེད་སྒོ་དང་། རིག་གནས་གཤམ་སྤེལ་འཁྲབ་སྟོན་བྱེད་སྒོ་ཐེངས་དང་པོ་དེ་རང་ཁུལ་གྱི་ལྕགས་ཟམ་རྫོང་དུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས་པ་རེད།

སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།

  ཞིང་ཆེན་དང་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ལྕགས་ཟམ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བྱེད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ་བ་རེད།

   བྱེད་སྒོ་སྤེལ་ཡུལ་དུདུས་རབས་ཀྱི་དཔེ་བཟངའཆི་མེད་རྡོ་རྗེས་མང་ཚོགས་ཀྱི་ཚབ་བྱས་ནས་ཚང་མ་ལ་ཡུལ་སྡེ་དར་རྒྱས་གཏོང་བའི་གཏམ་རྒྱུད་དང་མྱོང་ཚོར་བཤད་པ་རེད།

སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།

   བྱེད་སྒོ་སྤེལ་རིང་ཞིང་ཆེན་ཐད་གཏོགས་སྡེ་ཚན21གིས་རང་ཁུལ་གྱི་མང་ཚོགས་ལ་རིག་གནས་ལུས་རྩལ་དང་། ཚན་རྩལ་ཁྱབ་གདལ། འཕྲོད་བསྟེན་བདེ་ཐང་། ཁྲིམས་སྐྱོང་དྲིལ་བསྒྲགས། ཞིང་ལས་དང་རྒྱུ་ཆའི་ལག་རྩལ། འཚོ་བའི་བཟའ་བཅའ་སོགས་དམངས་འཚོའི་ལེགས་སྐྱེས་ཆེན་པོ་གྲ་སྒྲིག་བྱས་པ་དང་། ལྕགས་ཟམ་རྫོང་ལ་རིན་ཐང་སྒོར་ཁྲི366.89རི་བའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་སོགས་ཀྱི་དངོས་ཟོག་ཞལ་འདེབས་བརྒྱབ་ཅིང་། ཡུལ་དངོས་སུ་ཞལ་འདེབས་འབུལ་བའི་མཛད་སྒོ་ཡང་འཚོགས་པ་རེད།

སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།


སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།
སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།
སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།

   དེ་རྗེས་རིག་རྩལ་འཁྲབ་སྟོན་དེང་ཚོའི་དུས་རབས་གསར་པཞེས་པའི་གླུ་གར་གྱིས་འགོ་ཚུགས་ཏེ་ཞིང་ཆེན་ཟློས་གར་ཁང་དང་། སི་ཁྲོན་ཟློས་གར་ཁང་། གཞས་མ་གཏམ་ཞིབ་འཇུག་ཁང་། སི་ཁྲོན་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་རིག་རྩལ་མཁས་ཅན་རྣམས་ཀྱིས་གླུ་གར་དང་། གཞས་མ་གཏམ། ཁ་ཤགས། ཤིང་བཟོས་འདྲ་གཟུགས་ཟློས་གར། མིག་འཕྲུལ། གདོང་འགྱུར་སོགས་ལེ་ཚན16གི་རིག་རྩལ་འཁྲབ་སྟོན་བྱས་ནས་མང་ཚོགས་ལ་ལོ་སར་གྱི་སྟོན་མོ་ཕུན་སུམ་ཚོགས་པ་ཞིག་བཤམས་པ་རེད།

 

  • ལེ་ཚན་སྔོན་མ།:སྤྲོ་དགའི་ཁྲོད་ནས་ལོ་སར་རོལ།། གནམ་གང་ཟ་མའི་བྲོ་བ་བཟང་།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།