ཉག་རོང་རྫོང་གིས་ནགས་ཚལ་མེ་ཟོན་ཉེན་མེད་ཡོང་བར་དོ་དམ་དང་ཚོད་འཛིན་ནན་པོ་བྱས།

ཀུན་དགས་བསྒྱུར།        2023-02-13

ད་སྔར་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་དུས་སྐབས་སུ་སླེབས་ཡོད་པས་རི་ལ་མཆོད་འབུལ་དང་ཡུལ་སྐོར་སོགས་འགྲོ་མཁན་མང་བས་ནགས་ཚལ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཅུང་ཆེན་པོ་ལྡན་ཡོད། དེར་བརྟེན་ཉག་རོང་རྫོང་གིས་ནགས་ཚལ་མེ་ཟོན་གྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་ཤུགས་བརྒྱབ་ནས་ནགས་ཚལ་མེ་ཟོན་གྱི་དུས་བབ་རྒྱུན་མཐུད་དང་དུས་བདེ་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ཡོད།

དྲིལ་བསྒྲགས་ལ་དམ་འཛིན་བྱས་ཡོད། མང་ཚོགས་ཀྱི་ཚོགས་ཆེན་སྐོང་ཚོགས་དང་གྲོང་སྡེ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགོག་ཟོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱས། ད་སྔའི་བར་སྒྲོག་འགྲེལ་བྱེད་སྒོ་ཐེངས50ལྷག་སྤེལ་བ་དང་ཉེན་བརྡ་གཏོང་བའི་སློབ་གསོའི་ལེ་ཚན33ལ་བལྟས་ཤིང་། དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་དང་། མེ་ཟོན་བཀའ་རྒྱ་སོགས་བསྒྲགས་ཤོག300ལྷག་སྦྱར་བ་དང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་དྲིལ་བསྒྲགས་ཀློག་དེབ1380ལྷག་བཀྲམ་ཡོད།

མེ་ཁུངས་ལ་དོ་དམ་ཚོད་འཛིན་བྱས་ཡོད། འོས་འཚམ་དུ《མེ་ཟོན་བཀའ་རྒྱ》བསྒྲགས་ནས་ཁྱིམ་རེར་མེ་ཟོན་པ་རེ་དང་མེ་ཟོན་སྒམ་རེ། སྒོ་ལྕགས་རེ། མེ་ཁུངས་དོ་དམ་ཚོད་འཛིན་པ་རེའི་བྱེད་ཐབས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་རྫོང་རིམ་པའི་མེ་ཟོན་ས་ཚུགས32བཙུགས་པ་དང་། གཙོ་གནད་ལྗོངས་ཁུལ་དང་། ནགས་ར། སྲུང་སྐྱོང་ཁུལ་སོགས་སུ་མེ་ཟོན་མཚོན་རྟགས95བཞག་ནས་རིར་སྐྱོད་ཐོ་འགོད་ལམ་ལུགས་དང་མེ་ཁུངས་བསྡུ་ལེན་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད། ད་སྔའི་བར་རིམ་རྩིས་བྱས་ན་ཕྱི་རོལ་དུ་སྒྲིག་འགལ་ངང་མེ་སྤྱད་པའི་གྱོད་གཞི10དང་མི8ལ་སྲིད་འཛིན་ཆད་པ་བཅད་པ་དང་དངུལ་ཆད་སྒོར13000བཅད་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།།བྱ་དངོས་མཐའ་དག་སྐྱེས་སྟོབས་རྒྱས།།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་དམ་འཛིན་ནན་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།