ཁུལ་ཡོངས་ཀྱི་ཆུ་བེད་ལས་གྲྭ་འབྲིང་གྲས་ཀྱི་ཞིབ་རྩིས་ལེན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཚུད།

བདེ་སྐྱིད་ཀྱིས་བསྒྱུར།        2023-02-13

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྫོགས་མ་ཐག་ཁུལ་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་ལོ་འཁོར་གྱི་ཆུ་བེད་ལས་གྲྭ་ལ་སྐུལ་འདེད་གཏོང་བའི་འཆར་གཞི་སྔ་སྣུར་དུ་བཀོད་སྒྲིག་དང་དམིགས་འབེན་ལས་འགན་ཁག་རྫོང(གྲོང་ཁྱེར)ཁག་ལ་དུས་ཐོག་ཏུ་བཀོད་སྒྲིག་བྱས་ནས། འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་སྒྲུབ་ལ་བརྩོན་ཏེ། མྱུར་ཚད་དང་ལས་ཚད་མགྱོགས་སུ་གཏོང་ཞིང་། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། དུས་ཚིགས་དང་པོའི་འགོ་ཡག་པོ་བཙུགས་ནས་གྲུབ་འབྲས་འཐོབ་ཐུབ་པ་འགན་ལེན་བྱས་པ་རེད།

ད་ཆའི་བར། ཁུལ་ཡོངས་ཀྱི་འཛུགས་སྐྲུན་ལས་འགན་གྲུབ་པའི་ལས་གྲྭ་འབྲིང་གྲས11གི་ལས་མཇུག་འགྲིལ་ནས8ལ་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་ཚད་བརྒྱ་ཆ72ལ་ཟིན་ཞིང་ཞིབ་བཤེར་རྩིས་ལེན་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཚུད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཆུ་བེད་ཅུས་ཀྱིས་ད་ཆ་འབའ་ཐང་ཤར་ལྷོའི་ཆུ་འདྲེན་ལས་གྲྭ་དང་། སྡེ་དགེ་དབོན་ཐོག་གི་ཆུ་བེད་ལས་གྲྭའི་ཆུ་རྐའི་ལེ་ལག་ཚང་བའི་ལས་གྲྭ་སོགས་གཙོ་གནད་ཆུ་བེད་ལས་གྲྭ16གི་ཐོག་མའི་ཇུས་འགོད་སྙན་སེང་ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་འབྲེལ2023ལོའི་ཆུ་བེད་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར3.5རག་པར་མ་ཟད་གཤམ་དུ་སྤྲད་ཡོད། དེ་དང་ཆབས་ཅིག་རྫོང་དང་གྲོང་ཁྱེར་ཁག་གི་ལས་གྲྭར་སྐུལ་འདེད་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཨར་ལས་དཔེ་རིས་དང་ལམ་རིས། དུས་ཚོད་རེའུ་མིག་བཅས་གསལ་པོར་བཟོས་ཏེ། གསར་དུ་ལས་འགོ་བཙུགས་པའི་ལས་གྲྭ་དེ་ཟླ་བ3པའི་ཟླ་མཇུག་གོང་ཁྱོན་ཡོངས་ནས་ལས་འགོ་འཛུགས་ཐུབ་པ་བྱས་ཏེ་དུས་ཚིགས་དང་པོར་འགོ་ཡག་པོ་བཙུགས་ནས་གྲུབ་འབྲས་འཐོབ་ཐུབ་པ་དང་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་པར་བསྒྲུབ་པར་འགན་ལེན་བྱས་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་ཡིས་དམིགས་འབེན་ལས་འགན་ལ་དམིགས་ནས་འགན་ཆེན་ཁུར་བ་དང་བྱས་རྗེས་བཞག་སྟེ། 2023ལོར་མ་དངུལ་སྒོར་དུང་ཕྱུར570གཏང་ཐུབ་པ
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།།བྱ་དངོས་མཐའ་དག་སྐྱེས་སྟོབས་རྒྱས།།
  • དོ་སྣང་ཆེ་བའི་རྩོམ།