ཉག་ཆུ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་དམ་འཛིན་ནན་པོ་བྱས།

ཀུན་དགས་བསྒྱུར།        2023-02-13

ཉེ་ཆར། སྐམ་ཤས་ཆེ་བ་དང་རིར་འགྲོ་མཁན་མང་བས་མེ་ཟོན་གྱི་དུས་བབ་ཛ་དྲག་ཡིན་པ་དང་། མེ་ཟོན་གྱི་གནོན་ཤུགས་ཆེ་རུ་སོང་བས་ཉག་ཆུ་རྫོང་གིས་བྱ་ཐབས་ཏན་ཏིག་སྤྱད་དེ་ནགས་ཚལ་མེ་ཟོན་ལས་དོན་ལ་ཤུགས་བརྒྱབ་ཡོད།

ལམ་ལུགས་དང་ལམ་སྲོལ་ཞིབ་ཕྲ་ཅན་དུ་བསྒྱུར་ཡོད། 《ཉག་ཆུ་རྫོང་གི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གློག་འདྲེན་སྒྱུར་སྒྲིག་ཆས་ཀྱི་གློག་ཤིང་གློག་སྐུད་འགན་ལེན་དཔོན་པོའི་མཐུན་སྦྱོར་དོ་དམ་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་ཡུལ་གྲོང་དང་། གྲོང་སྡེ། དུད་ཚང་བཅས་ཀྱི་འགན་འཁྲིའི་ས་ཁོངས་དབྱེ་འབྱེད་ཞིབ་ཕྲ་བྱས་ཡོད།

ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་རྒྱུན་ལྡན་ཅན་དུ་བསྒྱུར་ཡོད། ཡུལ་ཤོག(གྲོང་རྡལ)ཁག་དང་འོད་ཤུགས་གློག་ཁང་སོགས་ནགས་ཚལ་དང་འབྲོག་ཁུལ་གྱི་ཨར་ལས་བྱེད་མཁན་ཁེ་ལས་སོགས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་ཐེངས12བྱས་ཏེ་གནད་དོན64ཤེས་རྟོགས་བྱུང་ཞིང་དག་ཐེར་བརྡ་ཐོ་ཐེངས4བཏང་ཡོད། ད་སྔར་ཚང་མ་ལེགས་བཅོས་ཐུབ་ཡོད།

ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཞིབ་ཕྲ་ཅན་དུ་བཏང་ཡོད། མ་ཁེབས་ས་མེད་པའི་ལས་ཀའི་ལམ་སྲོལ་ལ་ཤུགས་བརྒྱབ་ནས་སྐོར་གཡེང་བ་དང་རེས་མོས་ལས་རེས་མི་སྣ7382བཞག་པ་དང་། མེ་ཟོན་གནས་སྐབས་ཞིབ་བཤེར་ས་ཚུགས96བཙུགས་ཤིང་། བསང་གཏོང་ས284དང་དུར་ས2341ལ་དོ་དམ་རྩིས་ཐོ་བཟོས་པར་མ་ཟད། བསང་གཏོང་སའི་ལྟ་སྐུལ་དོ་དམ་འགན་འཁུར་བ732དང་དུར་སའི་ལྟ་སྐུལ་དོ་དམ་འགན་འཁུར་བ458བཞག་ཡོད།།



  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་ནགས་ཚལ་མེ་ཟོན་ཉེན་མེད་ཡོང་བར་དོ་དམ་དང་ཚོད་འཛིན་ནན་པོ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།