ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་ཡིས་དམིགས་འབེན་ལས་འགན་ལ་དམིགས་ནས་འགན་ཆེན་ཁུར་བ་དང་བྱས་རྗེས་བཞག་སྟེ། 2023ལོར་མ་དངུལ་སྒོར་དུང་ཕྱུར570གཏང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-13

ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་ཡིས་དམིགས་འབེན་ལས་འགན་ལ་དམིགས་ནས་འགན་ཆེན་ཁུར་བ་དང་བྱས་རྗེས་བཞག་སྟེ། 2023ལོར་མ་དངུལ་སྒོར་དུང་ཕྱུར570གཏང་ཐུབ་པ

དཀར་མཛེས་ཁུལ་དང་མེན་ཧྲན་གྱི་བཟོ་ལས་མཉམ་ལས་གླིང་ཁུལ།

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུར་ཇི་ལྟར་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་སམ། ཇི་ལྟར་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མ་འཇོག་རྒྱ་ཆེར་གཏང་རྒྱུ་དང་དཔལ་འབྱོར་བརྟན་དུ་བཏང་ནས་དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བའི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ལ་འཚོ་བ་སྔར་ལས་སྐྱིད་པོ་སྐྲུན་དགོས་སམ། ད་ཆ་འདི་ག་ཚགས་པར་ཁང་གི་གསར་འགོད་པས་ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།

ཀྲོའུ་ཧྲི་ཝུའུ་ཡིས 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་ལེན་བསྟར་བའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་གཅིག་ཀྱང་ཡིན། ད་ལོའི་དཔལ་འབྱོར་ལས་དོན་ལེགས་པོ་སྒྲུབ་པའི་འགན་འཁྲི་གལ་ཆེ་ཞིང་། ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན། ཞིང་ཆེན་ཏང་ཨུའི“སྤྱིའི་སྣེ་ཁྲིད། སྤྱིའི་གཞི་འཛིན་ས། སྤྱིའི་བསམ་ཕྱོགས།”བཅས་ཀྱི་སྤྱི་ཡོངས་ཀྱི་བཀོད་པ་དང་“ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དམ་དུ་འཛིན་པ། དམངས་འཚོར་ཕན་པ། བདེ་འཇགས་འགན་སྲུང་”བཅས་ཀྱི་ལས་ཀ་སྤྱིའི་བསམ་ཕྱོགས་ལ་དམིགས་ཏེ། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་དང་ལས་འགན་གཙོ་བོར་དམིགས་ཤིང་། དམིགས་འབེན་ལས་འགན་གཏན་འཁེལ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་བ། བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ཀྱིས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་སྐྲུན་པའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་སྟོབས་ཤུགས་འབུལ་དགོས་ཞེས་བཤད།

གཅིག་ནི་མ་དངུལ་འཇོག་པ་དམ་འཛིན་ལྷོད་མེད་བྱས་ཏེ་མ་འཇོག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འདེགས་སྐྱོར་བྱ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་གཞི་འཛིན་པ་དང་མ་འཇོག་ལ་སྐུལ་བ། མ་འཇོག་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་འདེགས་སྐྱོར་ནུས་པ་བཏོན་ཏེ་ལོ་ཧྲིལ་པོར་མ་འཇོག་སྒོར་དུང་ཕྱུར570ཐུབ་པའི་བརྩོན་ལེན་བྱ་དགོས།

གཉིས་ནི་གློག་ཁུངས་གློག་དྲྭ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་སྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་འཕེལ་རྒྱས་འཆར་འགོད་ཀྱི་བླང་བྱ་དམ་པོར་དམིགས་ནས་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་འཚོག་རྒྱུའི་གྲ་སྒྲིག་བྱས་ཏེ་ནུས་རྒྱུ་གཙང་མ་གསར་སྦོལ་ཐད་མ་དངུལ་སྒོར་དུང་ཕྱུར170ཡན་གཏོང་ཐུབ་པའི་བརྩོན་ལེན་བྱ་དགོས།

གསུམ་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལ་ཤུགས་བསྣན་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས། འཕེལ་བསྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་ཕྱོགས་བསྡུས་ནུས་པ་བཏོན་ནས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་སོགས་སྡེ་ཚན་དང་མཉམ་དུ་ཟླ་རེར་དབྱེ་ཞིབ་དང་དུས་ཚིགས་བཞིན་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བཀོད་གཏོང་བྱས་ཏེ་འགོ་འབུར་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་གོ་ཐུབ་པ་བྱས་ནས་དམིགས་སའི་རང་བཞིན་གྱི་ཐབས་ཇུས་ཞིབ་འཇུག་བྱས་ཏེ་གདོན་དགོས།།



  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ལ་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག་གཉིས་གསར་དུ་བསྣན།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཆུ་བེད་ལས་གྲྭ་འབྲིང་གྲས་ཀྱི་ཞིབ་རྩིས་ལེན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།