བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས།

    ཀྲུང་གོའི་གསར་འགྱུར་དྲ་བ།    2023-02-14

 བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས།

    གསར་འགོད་པས་སྤྱི་ཟླ2པའི་ཚེས10ཉིན་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་དོན། བོད་ལྗོངས་ནག་ཆུ་ཁའི་དགོན་སྡེ་ཞིག་ཏུ་ཉར་ཚགས་བྱས་པའི་གཡུང་དྲུང་བོན་གྱི《བཀའ་འགྱུར》དཔེ་རྙིང་ཉམས་གསོ་ལེགས་འགྲུབ་བྱུང་ཡོད་ལ། འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཆེ་བའི་དཔེ་རྙིང་མིང་གཞུང་དུ་ཚུད་པའི་དཔེ་རྙིང་ཉམས་གསོ་བྱེད་ཐེངས་དང་པོ་དེ་གྱུར་ཡོད་པ་རེད།

 བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས།

     བོད་ལྗོངས་དཔེ་མཛོད་ཁང་གི་མགོ་གཙོ་གཞོན་པ། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོན་གྱི《བཀའ་འགྱུར》དེར་ཁྱོན་པོ་ཏི1500ཙམ་ཡོད་ལ། སྐྱོན་ཤོར་བའི་པོ་ཏི75ལྷག་ཙམ་ཡོད། ཚོད་རྩིས་བྱས་ནས་སྤྱི་ལོའི་དུས་རབས15པ་ནས16པའི་བར་གྱི་ལག་བྲིས་ཡིན་པ་གཏན་ཁེལ་བྱུང་ཡོད་ལ། དེ་ནི་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་དུས་སྐབས་ཅུང་སྔ་བའི《བཀའ་འགྱུར》གྱི་དཔེ་རྙིང་སྐོར་ཞིག་རེད། འདས་ཟིན་པའི་ལོ་གཉིས་ནང་། དཔེ་རྙིང་ཉམས་གསོ་མཁན་གྱིས་སྐྱོན་ཐེབས་པའི་པོ་ཏི་སྐོར་ཞིག་ཉམས་གསོ་བྱས་ཡོད་ལ་ད་ལོ་དུས་ཚོད་གཏན་ཁེལ་ནང་དགོན་པར་ཕྱིར་སྤྲོད་རྒྱུ་ཡིན་པ་རེད།

 བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས།

     2015ལོར་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་བཙུགས་པ་ནས་བཟུང་། མིག་སྔར་དཔེ་རྙིང5000ལྷག་ཙམ་ཉམས་གསོ་བྱས་ཡོད་པ་རེད། 2022ལོར། དཔེ་རྙིང་ཡོངས་བཤེར་དང་ཆད་ལུས་ཞིབ་བཤེར་ཁ་གསབ་ལས་དོན་ཁྲོད། ལྟེ་གནས་འདི་གས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་ཁག་སོ་སོར་དཔེ་རྙིང་པོ་ཏི4739དང་པོ་ཏི1760ལ་ཡོངས་ཁྱབ་ཞིབ་བཤེར་ལེགས་སྒྲུབ་བྱ་རྒྱུར་རོགས་ལས་མཛུབ་ཁྲིད་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་པོ་ཏི226དང་ནག་ཆུ་གྲོང་ཁྱེར་གྱི་རྫོང་གཉིས་སུ་པོ་ཏི267ཉམས་གསོ་ལེགས་པར་བྱས་ཤིང་། ས་སྐྱ་རྫོང་གི་བོད་ཡིག་དཔེ་རྙིང2000ལྷག་ཙམ་ལ་བོད་ཡིག་གི་པར་གཞི་པར་འདེབས་ཀྱི་གསལ་འབྱེད་ལས་དོན་ལེགས་པར་བསྒྲུབས་ཡོད་པ་རེད།

 བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས།

     གཞན་ཡང་ཨང་ཀི་ཅན་གྱི་ཐད་ནས། 2019ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་དཔེ་རྙིང་ཨང་ཀི་ཅན་བྱས་ནས་སྲུང་སྐྱོབ་བྱེད་མགོ་བཙུགས་ཤིང་། མིག་སྔར་པོ་ཏི400ལྷག་ཙམ་སྲུང་སྐྱོང་ལེགས་པར་བྱས་ཤིང་། དེའི་ནང་ན་ལོར་ཨང་ཀི་ཅན་གྱི་ལས་གཞི་ནང་དུས་མཚམས་རང་བཞིན་གྱི་འདབ་གྲངས་ཁྲི3ལེགས་སྒྲུབ་བྱས་ཤིང་། ད་ལོར་ལས་དོན་འདི་མུ་ནས་བསྒྲུབ་རྒྱུ་ཡིན་པ་རེད། ཨང་ཀི་ཅན་དུ་འགྱུར་རྗེས་ཀྱི་དཔེ་རྙིང་ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲྭ་ངོས་ནས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་ཚད་ལྡན་ཡིག་ཆའི་གྲངས་གཞིའི་མཛོད་ནང་འཚོལ་བཤེར་དང་སློབ་སྦྱོང་བྱ་ཆོག།

བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས། 

     སྤེན་པ་ཚེ་རིང་གསལ་བཤད་བྱས་དོན། རིག་གནས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དང་ཁྲིམས་འགལ་ངང་བེད་སྤྱོད་གཏོང་བའི་རིགས་བཀག་འགོག་བྱ་ཆེད། དུས་མཇུག་ཏུ་འབྲེལ་ཡོད་དབང་ཚད་བཟོས་རྗེས་སླར་ཡང་ཀློག་པ་པོ་ཚོར་དྲྭ་ཐོག་ནས་སྒོ་འབྱེད་རྒྱུ་ཡིན་ལ། ད་ལོར་འདི་ག་ལྟེ་གནས་ཀྱིས་སྔར་བཞིན་རྒྱུན་རྣམ་ཅན་གྱི་ཐོག་ནས་དཔེ་རྙིང་ཡོངས་བཤེར་དང་ཉམས་གསོ། ཨང་ཀི་ཅན་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པར་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང་ཁག་དང་པོའི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་ཡང་སྤེལ་རྒྱུ་ཡིན་ཞེས་བསྟན་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཞིབ་གྲོས་འཛིན་གྲྭ་འགོ་ཚུགས་མཛད་སྒོར་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་སླར་སྐྱེས་ནུས་རྒྱུ་གཞི་ཁྱོན་ཆེ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།
  • དོ་སྣང་ཆེ་བའི་རྩོམ།