རང་ཁུལ་གྱི་རྫོང་གསུམ་དང་གྲོང་རྡལ་གཉིས། གྲོང་སྡེ་ལྔ་བཅུ་དང་གླིང་ཁུལ་བཞི་བཅས་ཞིང་ཆེན་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་ལོ་འཁོར་གྱི་གཟི་བརྗིད་མིང་ཐོར་ཚུད།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-15

ཉེ་ཆར། ཞིང་ཆེན་ཏང་ཨུའི་ཞིང་ལས་གཞུང་དོན་ཁང་ལྟ་སྐུལ་ཞིབ་བཤེར་ཁང་ནས་གཏམ་བཟང་བྱུང་བ་སྟེ། 2022ལོའི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་སོགས་དཔྱད་ཞིབ་བྱས་འབྲས་སྣ་མང་ཐོན་པ་རེད། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རིགས་འབྱེད་དཔྱད་བསྡུར་ཐད། རང་ཁུལ་གྱི་བྲག་མགོ་དང་གསེར་རྟ། ལི་ཐང་བཅས་རྫོང་གསུམ་ནི2022ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང(གྲོང་ཁྱེར་དང་ཆུས)ཕུལ་བྱུང་གྲས་ལ་བདམས་པ་དང་། འབའ་ཐང་རྫོང་གི་རྫོང་རྩ་གྲོང་རྡལ་དང་རྟའུ་རྫོང་གི་མགར་ཐར་གྲོང་རྡལ་གཉིས་ནི2022ལོའི་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་ཐོན་ཡུལ་ཤོག་དང་གྲོང་རྡལ་ལ་བདམས། ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་གྱི་རྫ་གླིང་གྲོང་ཚོ་དང་། རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་གྱི་མཁས་དགོད་ཡུལ་གྲོང་ཚོ། བརྒྱད་ཟིལ་རྫོང་ན་ཆུ་གྲོང་རྡལ་གྱི་ཆོས་རིང་གྲོང་ཚོ་སོགས་གྲོང་ཚོ28ནི2022ལོའི་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་ལ་བདམས་ཡོད། དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་བ་ལངས་གྲོང་ཚོ། ལྕགས་ཟམ་རྫོང་གི་གདན་ཐོག་གྲོང་རྡལ་གྱི་ཆུ་ཁ་གྲོང་ཚོ། རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་མེར་ཡོའུ་གྲོང་ཚོ་སོགས་གྲོང་ཚོ22ནི2022ལོའི་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་གྲོང་ཚོ་ཕུལ་བྱུང་ལ་བདམས་པ་རེད།

དེ་མིན། སྐར་རིམ་གྱི་དེང་རབས་ཞིང་ལས་གླིང་ཁུལ་དཔྱད་བསྡུར་ཐད། རང་ཁུལ་སེར་ཤུལ་རྫོང་གི་སྔོ་ཚལ་དེང་རབས་ཞིང་ལས་གླིང2022ལོའི་སི་ཁྲོན་ཞིང་ཆེན་གྱི་སྐར་ལྔའི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ལ་བདམས་པ་དང་། དཀར་མཛེས་རྫོང་ནས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ2022ལོའི་སི་ཁྲོན་ཞིང་ཆེན་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ལ་བདམས་ཡོད། ཕྱག་ཕྲེང་རྫོང་གི་ཀུ་ཤུ་དང་བོད་ཕག་འདེབས་གསོ་འཁོར་གཉེར་དེང་རབས་ཞིང་ལས་གླིང་ཁུལ་དང་གསེར་རྟ་རྫོང་གི་གནག་ཕྱུགས་དེང་རབས་ཞིང་ལས་གླིང་གཉིས2022ལོའི་སི་ཁྲོན་ཞིང་ཆེན་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་བདམས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད།

ད་ཐེངས་གཟི་བརྗིད་མིང་ཐོར་ཚུད་པ་ནི་རང་ཁུལ་གྱིས་སྤྱི་འདོམས་གང་ལེགས་དང་ལམ་སྲོལ་བསྡུ་སྒྲིལ། ཡུལ་སྡེ་དར་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་གྲུབ་འབྲས་དངོས་མཚོན་པ་ཞིག་རེད། ལྷག་པར་དུ་གླིང་ཁུལ4ཞིང་ཆེན་རིམ་པའི་སྐར་རིམ་གྱི་དེང་རབས་ཞིང་ལས་གླིང་དུ་འཕར་བ་ལས་རང་ཁུལ་གྱིས་སྐྱེ་ལྡན་ཁུལ་ལ་བརྟེན་ནས་ཁྱད་ཆོས་ཞིང་འབྲོག་ཐོན་ལས་སྤེལ་བར་གཅིག་འགྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་ནས་བྱེད་པོ་སྐྱོང་ཞིང་ལམ་སྲོལ་འཛུགས་པར་སྣང་ཆེན་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་ཡོད་པ་རེད།

དེའི་ནང་ཞིང་ཆེན་རིམ་པའི་སྐར་ལྔའི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་འཕར་བའི་སེར་ཤུལ་རྫོང་གི་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ་གྱིས་སྔོ་ཚལ་ཆེད་ལས་ཅན་དུ་འདེབས་འཛུགས་བྱ་རྒྱུ་གཙོ་ཁྲིད་ཐོན་ལས་སུ་བཟུང་ནས་སྔོ་གཟན་མ་རྨོས་ལོ་ཏོག་དང་། སྲན་མ་དམར་པོ། ཡུ་གུ་སོགས་ཞོར་དུ་བཏབ་ཡོད། འདེབས་གསོ་ཟུང་དུ་འབྲེལ་བའི་འཁོར་རྒྱུག་ཞིང་ལས་དང་མཐོ་སྒང་སྐྱེ་ཁམས་ལྷད་མེད་ཀྱི་ཁྱད་ཆོས་གཙོས་པའི“ཅན་ལྔ་དང་མཐོ་གསུམ”གྱི་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད། 2022ལོའི་ཟླ་བ་དང་པོ་ནས་ཟླ་བཅུ་པའི་བར་གླིང་ཁུལ་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི790.25ལ་ཟིན་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་དེ་རྫོང་ཡོངས་ཀྱི་བརྒྱ་ཆ82.95ལས་མཐོ་ཡོད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ“9·5”ལྕགས་ཟམ་ས་འགུལ་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:ཉེན་མེད་དྲ་བ་ཡག་པོ་སྐྲུན།། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བྱེད།།
  • དོ་སྣང་ཆེ་བའི་རྩོམ།