བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-02-21

   བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་གཉེར་བའི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་ཚོགས་འདུའི་ཐོག་རྒྱལ་ནང་གི་གནའ་རྫས་ཞིབ་འཇུག་ལས་ཁུངས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་46གིས་སྤྱི་ལོ་2021ལོ་འཁོར་མོའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་ཡོད། དེ་དག་ནི་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་གསར་པ་དང་། རིག་དངོས་ཞིབ་འཇུག་དང་སྲུང་སྐྱོབ།  ཚན་རྩལ་གྱི་གནའ་རྫས་རྟོག་ཞིབ། སྒྱུ་རྩལ་གྱི་ལོ་རྒྱུས།  འཛུགས་སྐྲུན་གྱི་ལོ་རྒྱུས་སོགས་དང་འབྲེལ་བ་ཡོད། 

བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

     བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་འཛིན་ལི་ལིན་ཧུའེ་ཡིས། རྣམ་གྲངས་46འདི་དག་རྒྱལ་ཁབ་རིག་དངོས་ཅུས་ཀྱི་གལ་ཆེའི་གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོའི་རྣམ་གྲངས་ཀྱི་ནང་དོན་རེད། གཅིག་ནི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཡིན་ཞིང་། ང་ཚོ་མིའི་རིགས་ཀྱི་གནས་སྤོ་དང་མིའི་རིགས་ཀྱི་འབྱུང་ཁུངས་ཐད་བོད་ལྗོངས་ཀྱི་ཞིབ་ཕྲའི་ལག་ལེན་ལ་འགག་སྒྲོལ་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད་པ་དང་། གཉིས་ནི་རྡོ་ཆས་གསར་པའི་དུས་རབས་ཀྱི་ཡིན་ཞིང་། ས་ཁོངས་རིག་གནས་ཀྱི་ཁྱབ་ཁོངས་ནང་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་བྱུང་ཡོད་ཅེས་གསུངས།  

     ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་ནང་བོད་ལྗོངས་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་སྡིངས་ཆུང་བྲག་ཕུག་གནའ་ཤུལ་དེ་ས་བབ་མཚོ་འཕགས་སྨི་5000སར་གནས་ཡོད་པ་དང་། དེ་ནི་ཀྲུང་གོའི་མིག་སྔར་ཤེས་རྟོགས་ཐུབ་པའི་མཚོ་འཕགས་མཐོ་ཤོས་ཀྱི་གནའ་ཤུལ་ཞིག་ཡིན་པ་སྟེ་ཆིན་ཧན་རྒྱལ་རབས་གཉིས་སྐབས་ཀྱི་བྲག་ཕུག་ནང་གི་དུར་རྫས་དང་ཧ་ལམ་གཅིག་མཚུངས་ཡིན་པས། མཚོ་བོད་ས་མཐོར་མཐོང་དཀོན་པ་ཞིག་རེད། 

བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

      སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་སློབ་གླིང་གི་ཡོན་ཀྲང་ལུའེ་ཧུང་ལེའང་གིས། བྲག་ཕུག་དེ་ནས་ཐོན་པའི་མིའི་རུས་པ་དང་སྲོག་ཆགས་ཀྱི་རུས་པ་ནི་མིག་སྔར་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་གནའ་ཤུལ་ནང་ནས་ཕུན་སུམ་ཚོགས་ཤོས་ཤིག་རེད། 

     འགག་རྩའི་ལོ་རབས་ཀྱི་ལྷུ་ཚིགས་རབ་དང་རིམ་པར་འགག་གཏོར་བྱུང་བ་དང་།  དེ་ནི་སྔར་ན་མེད་པའི་ཡར་རྒྱས་ཤིག་རེད།    ས་མཐོའི་མཚོ་འཁོར་ཁུལ་དང་གཙང་པོ་རྒྱུག་ཁུལ་གྱི་རང་བྱུང་ས་གཤིས་ཁུལ་གྱི་ཞིང་ནང་གནའ་རྫས་རྟོག་ཞིབ་ལ་འགག་གཏོར་གསར་པ་བྱུང་ཡོད། དཔེར་ན། གནམ་མཚོའི་མཚོ་འཁོར་གྱི་ཚན་ཞིབ་དང་བྱང་ཐང་གི་སྐྱས་སྤོ་བའི་རིག་གནས་ལ་བརྟག་དཔྱད་གཏིང་ཟབ་བྱེད་པའི་ནང་བོད་ལྗོངས་ཀྱི་བྲག་བརྐོས་རི་མོར་ཚན་རིག་དང་མཐུན་པའི་ལོ་དུས་ཚད་ལེན་ཐོག་མར་བྱས་ཡོད་ཅེས་གསུངས།  

      ཧོ་པེ་དགེ་འོས་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཐང་ཧུའེ་ཧྲེང་གིས།    ད་ཐེངས་གནམ་མཚོར་ལག་རྩལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྲག་བརྐོས་རི་མོའི་ལོ་དུས་ཚན་ལེན་གྱི་རྟོག་ཞིབ་བྱས་པ་ནི་བོད་ལྗོངས་ཀྱི་བྲག་བརྐོས་རི་མོའི་ཞིབ་འཇུག་རྒྱལ་སྤྱིར་ཕྱོགས་པ་དང་། ཚན་རིག་ལ་ཕྱོགས་པའི་བྱ་ཐབས་ཀྱི་གྲས་ཤིག་རེད་ཅེས་གསུངས།  

      མངའ་རིས་ས་ཁུལ་རུ་ཐོག་རྫོང་ལུང་དམར་ཁ་མཚོ་སྐོར་ཞིང་ནང་བརྟག་དཔྱད་ནང་། གནའ་རྫས་རྟོག་ཞིབ་མི་སྣས་རྡོ་ཆས་གནའ་ཤུལ་དང་། བང་སོ། དེ་བཞིན་རྡོ་ཆས་ཕྲ་མོ་དང་རྫ་ཆས་སོགས་གནའ་བོའི་སྐྱས་སྤོ་བའི་མི་ཚོགས་ཀྱི་འཚོ་གནས་རྗེས་ཤུལ་མང་པོ་གསར་རྙེད་བྱུང་ཡོད། དེས་ས་མཐོའི་གནའ་བོའི་སྐྱས་སྤོ་བའི་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད། 

བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

     སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ལི་ཡུང་ཤན་གྱིས།  ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་18གསར་ཪྙེད་བྱུང་བའི་ནང་ནས་གཉིས་ནི་ས་ཁོངས་རང་བཞིན་གྱི་ཞིབ་འཇུག་རེད། དེ་ནི་གནའ་རྫས་རྟོག་ཞིབ་རིག་པའི་ཤུལ་བཞག་གི་བར་ཁམས་ཞིབ་འཇུག་དང་དུས་ཚོད་ཞིབ་འཇུག་ཡིན་པས། བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་གདུང་རབས་དང་། དེའི་ལོ་ཁམས་རྩོམ་སྒྲིག་ལ་རྨང་གཞི་མཁོ་འདོན་ཐུབ་རྒྱུ་རེད། 

     ལོ་རྒྱུས་དུས་སྐབས་ཐད་ནས་བརྗོད་ན། སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བཙན་པོའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་ལ་ཡང་དགའ་འོས་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། ལྷ་ས་སྐྱིད་ཆུའི་འགྲམ་རྒྱུད་ཀྱི་འོན་ཅང་དོ་གནའ་ཤུལ་ནི་བོད་ལྗོངས་ཀྱིས་ཐེངས་དང་པོར་སྔོག་འདོན་བྱས་པའི་བཙན་པོའི་སྐབས་ཀྱི་མཐོ་རིམ་འཛུགས་སྐྲུན་གནའ་ཤུལ་ཞིག་ཡིན་པ་དང་།  གནའ་རྫས་རྟོག་ཞིབ་མི་སྣས་རྡོ་རིང་གི་རུས་སྦལ་གཟུགས་ཀྱི་ཞབས་ར་དང་། ཡི་གེ་མེད་པའི་རྡོ་རིང་། མཆོད་རྟེན་སོགས་བཟོ་སྐྲུན་གནའ་ཤུལ་གལ་ཆེན་ཤེས་རྟོགས་ཐུབ་ཡོད། 

བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

     ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞི་ལིན་གྱིས། ང་ཚོས་འོན་ཅང་དོ་གནའ་ཤུལ་ནས་ཤེས་རྟོགས་ཐུབ་པའི་རུས་སྦལ་གཟུགས་ཀྱི་ཞབས་ར་ནི་རིམ་པ་མཐོ་བའི་རིགས་ཤིག་ཡིན་པ་དང་། དེ་དང་འོན་ཅང་རྡོའི་གནའ་ཤུལ་ནི་བཙན་པོའི་དུས་རབས་ཀྱི་གལ་འགངས་ཧ་ཅང་ཆེ་བའི་མཐོ་རིམ་སྲིད་འཛིན་ལྟེ་གནས་ཀྱི་གནས་བབ་དང་འཚམ་པ་ཞིག་རེད། 

བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

      ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ནུབ་བྱང་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཀྲང་ཅན་ལིན་གྱིས།  དེ་ནི་ང་ཚོས་བོད་ལྗོངས་ཀྱི་ས་ཁོངས་སུ་སྔོག་འདོན་ཐུབ་པའི་བཙན་པོའི་དུས་སྐབས་ཀྱི་གཞི་ཁྱོན་ཅུང་ཆེ་བའི་གནའ་ཤུལ་ཞིག་རེད། དེ་ཐེངས་དང་པོ་ཡིན་ལ་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ཐད་ཀྱི་སྟོང་ཆ་ཁ་ཤས་བསྐངས་ཡོད།  

      རིགས་གཅིག་མཁས་ཅན་ཚོས་ད་དུང་མཚོ་སྔོན་གྱི་ཨོ་ལན་ཆོན་ཀའུ་བང་སོ་དང་ཀན་སུའུ་ཝུའུ་ཝུའེ་ཐང་རྒྱལ་རབས་ཀྱི་ཐུ་ཀུ་ཧུན་རྒྱལ་རྒྱུད་ཀྱི་བང་སོ་སོགས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་ཡོད་པས། མཚོ་བོད་ས་མཐོའི་བཙན་པོའི་དུས་སྐབས་ཀྱི་ཕྱོགས་བསྡུས་ཞིབ་འཇུག་ལ་གནའ་རྫས་རྟོག་ཞིབ་ཀྱི་དོན་དངོས་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད། 

     བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ ཤར་རྒན་དབང་འདུས་ལགས་ཀྱིས།  ང་ཚོས་བཙན་པོའི་ལོ་རྒྱུས་དང་མི་ཚོགས་ཀྱི་གྲུབ་ཆ། ཐ་ན་རིག་གནས་ཀྱི་གྲུབ་ཆར་སྔར་བས་གཏིང་ཟབ་པའི་ཞིབ་འཇུག་བྱེད་པར་དཔྱད་གཞི་ཧ་ཅང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།

  • ལེ་ཚན་སྔོན་མ།:བོད་སྨན་དང་འབྲེལ་བའི་དོན་འདི་ཟླ་1པར་ལག་བསྟར་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཆུ་ཚོད་རེར་སྤྱི་ལེ་1000ལྷག་བགྲོད་ཐུབ་པའི་འཁོར་རིགས་ཤིག་ཐོན་འདུག
  • དོ་སྣང་ཆེ་བའི་རྩོམ།