ཡོས་ལོར་བཀྲ་ཤིས་བདེ་ལེགས་ཤོག།

བྲན།        2023-02-20

དགེ་བའི་བཤེས་དང་དམ་པའི་གྲོགས།།

བརྩེ་བའི་ཡབ་ཡུམ་ཕུ་ནུའི་ཚོགས།།

རིགས་ཀྱི་སྤུན་ཟླ་མ་ལུས་པའི།།

ལོ་སར་བཀྲ་ཤིས་བདེ་ལེགས་ཤོག།

བྱིས་པའི་མནོལ་སྟོན་བག་སྟོན་དང་།།

རྒན་པའི་གྱ་སྟོན་གོ་སྟོན་བཅས།།

གངས་རིའི་སྲོལ་བཟང་མ་ལུས་པ།།

མ་ཉམས་འཕེལ་བའི་བཀྲ་ཤིས་ཤོག།

བཀྲ་ཤིས་འདི་ལ་བཀྲ་ཤིས་ཤོག།

གཞོན་ཉམས་རྒྱས་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་འདི་ལ་བཀྲ་ཤིས་ཤོག།

ཚེ་རིང་ཡོང་བའི་བཀྲ་ཤིས་ཤོག།

ཆུ་སྟག་བཙན་པོ་སོང་ཤུལ་ནས།།

ཡོས་བུ་དཀར་པོས་བཀྲ་ཤིས་ཤོག།

བློ་རིག་གསལ་ཞིང་ནད་མེད་ངང་།།

ཡུན་དུ་འཚོ་བའི་བཀྲ་ཤིས་ཤོག།



  • ལེ་ཚན་སྔོན་མ།:བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་ལོ་གསར་བཟང་།
  • ལེ་ཚན་རྗེས་མ།:བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་སྨོན་ཚིག་གསེར་གྱི་ལྷ་དར།