རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

ནོར་བུས་བསྒྱུར།        2023-02-16

    སྤྱི་ཟླ2པའི་ཟླ་སྟོད་ནས་བཟུང་། རང་ཁུལ་གྱི་ས་ཆ་མང་པོའི་སློབ་གྲྭ་ཆུང་འབྲིང་ཁག་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་བཞིན་ཡོད། གུང་གསེང་གི་སྦྱོང་ཚན་སྤྲོད་པ་དང་། དཔེ་དེབ་གསར་པ་ལེན་པ། རྒྱལ་དར་སྒྲེང་བ་སོགས་ཁུ་སིམ་མེར་གནས་པའི་སློབ་རར་སླར་ཡང་དགེ་སློབ་ལྷན་འཛོམས་ཀྱི་སློབ་སྦྱོང་གི་ཟིང་ལོང་རྣམ་པས་ཀུན་ནས་ཁེངས།

རོང་བྲག་རྫོང་།

   ཚེས12ཉིན་གྱི་སྔ་དྲོར། གསར་འགོད་པ་རོང་བྲག་རྫོང་མཐོ་རིམ་སློབ་འབྲིང་དུ་སླེབས་པ་ན་སློབ་གྲྭས་སློབ་འགོ་ཚུགས་པའི་ལས་ལ་བྲེལ་ཞིང་། སློབ་ཁང་ནང་སློབ་གཞི་གསར་པའི་དཔེ་དེབ་ཀྱིས་གང་བ་དང་། ཟ་ཁང་དང་སློབ་ར་ཀུན་ཏུ་གད་ཕྱིས་རྒྱག་བཞིན་གཙང་སྦྲ་བྱེད་ཀྱིན་འདུག།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

   ཉིན་དེར་རྫོང་མཐོ་རིམ་སློབ་འབྲིང་གིས་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་། རྫོང་མི་དམངས་ཁྲིམས་ཁང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་ཁྲིམས་འཛིན་ཅུས། རྫོང་སྤྱི་བདེ་ཅུས་བཅས་ལས་གྲུབ་པའི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པ་གདན་ཞུས་ལྟར“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ། དྲ་རྒྱའི་བདེ་འཇགས། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་བརྡལ་སློབ་གྲྭར་སྤེལ་བ”ཡི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

   ཚེས13ཉིན་གྱི་སྔ་དྲོར། རོང་བྲག་རྫོང་བྲག་སྒོ་གྲོང་རྡལ་ཆུ་འདུ་ཁ་ཡུག་ཁུལ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་དགེ་སློབ་ཆིག་སྟོང་ལྷག་ཞོགས་པ་ནས་ལུས་རྩལ་ཐང་དུ་འཛོམས་ཏེམི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་འཆངཞེས་པའི་སློབ་འགོ་ཚུགས་པའི་མཛད་སྒོ་དང་། སློབ་འགོ་ཚུགས་པའི་སློབ་ཚན་དང་པོཡི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། སློབ་རར་སློབ་དུས་གསར་པའི་དྲོ་སྐྱིད་དང་སྤྲོ་སེམས་འཕེལ་བའི་རྣམ་པས་ཀུན་ནས་ཁེངས།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

ལྕཊ་ཟམ་རྫོང་།

   ཚེས14ཉིན། སློབ་འགོ་ཚུགས་པའི་ཉིན་དང་པོར་ལྕགས་ཟམ་རྫོང་ལྕགས་ཟམ་སློབ་ཆུང་གིས་སློབ་གསོའི་དོན་སྙིང་ཟབ་ཅིང་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་མང་སྤེལ་ནས2023ལོའི་དཔྱིད་ཀའི་སློབ་དུས་གསར་པའི་མདུན་བསུས་པ་རེད།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

   འཛིན་གྲྭ་ཁག་གི་འཛིན་བདག་གིས་འཛིན་གྲྭའི་གནས་ཚུལ་དང་འབྲེལ་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ”ཡི་བརྗོད་དོན་གཙོ་བོའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཡི་འཛིན་ཚོགས་བྱེད་སྒོ་སྤེལ་བ་རེད།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

     འཛིན་གྲྭ་ཁག་གིས་ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་གྱི་བརྗོད་དོན་གཙོ་བོ་འཛིན་གྲྭའི་ཚོགས་འདུར་སྤེལ་ནས་ཚང་མས་ཡར་བརྩོན་གཤིས་རྒྱུད་སྐྱེད་སྲིང་དང་། ཚེ་སྲོག་ཉེན་མེད་སྲུང་སྐྱོང་། སེམས་ཁམས་བདེ་ཐང་ལ་མཐོང་ཆེན། ནགས་ཚལ་དང་རྩྭ་ཐང་མེ་ཟོན། ཨེ་འགོག་དང་དུག་འགོག། དྲ་རྒྱའི་བདེ་འཇགས་སོགས་ཐད་ནས་གཏམ་བཤད་བྱས་ཏེ་ཕྲུ་གུ་ཚོའི་བསམ་བློ་སློབ་གྲྭར་འགུག་པ་དང་། སློབ་སྦྱོང་བྱེད་པའི་ཚུལ་མཐུན་གྱི་ངོས་འཛིན་དང་རང་རྟོགས་ཀྱི་ལག་ལེན་ལ་ཤུགས་བསྣན་པ་རེད།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

འབའ་ཐང་རྫོང་།

   ཚེས12ཉིན་ནི་འབའ་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་གིས་འབྱོར་ཐོ་འགོད་པའི་ཉིན་མོ་ཡིན་ཞིང་། སློབ་གྲྭ་ཆུང་འབྲིང་ཁག་གི་ཉེ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་ཐད་འཚང་ཁ་ཆེ་བས་འགྲིམ་འགྲུལ་ཉེན་རྟོག་པ་དང་དགེ་རྒན་རྣམས་ཞོགས་སྔ་མོ་ནས་སློབ་གྲྭའི་སྒོ་འགྲམ་དུ་རླངས་འཁོར་དང་ལམ་འགྲོ་བའི་བར་ནས་ལམ་བཤངས་ཏེ་ཕྲུ་གུ་ཚོ་ཉེན་མེད་ངང་སློབ་གྲྭར་ཕྱིར་ལོག་པར་འགན་ལེན་བྱས་པ་རེད།

རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།
རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།

   སློབ་གྲྭའི་དགེ་སློབ་རྣམས་སློབ་གྲྭར་ཕྱིར་ལོག་སྐབས་དྲོད་ཚད་འཇལ་བ་དང་ཉིང་སྐྱུར་དཔང་རྟགས་མཁོ་འདོན་བྱེད་ཀྱི་མེད་མོད། འོན་ཀྱང་རྫོང་དེའི་སློབ་གྲྭ་ཆུང་འབྲིང་ཁག་གིས་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པར་སྨན་རྫས་གསོག་འཇོག་དང་། སློབ་གྲྭའི་ཁོར་ཡུག་བཅོས་སྐྱོང་། སྒྲིག་ཆས་ཞིབ་བཤེར། མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བཅས་བྱེད་པ་དང་། གཞན་ད་དུང་འབའ་གཞས་རིག་གནས་ཤུལ་བཞག་སློབ་གྲྭའི་ཁྱད་ཆོས་སློབ་ཚན་དུ་འཇོག་སྟེ་ཁྱབ་གདལ་གཏང་བའི་ཐད་བསམ་བློ་གཏོང་བ་དང་། སློབ་མའི་གསར་གཏོད་ཀྱི་བློ་སྤོབས་དང་། ལག་འགུལ་ནུས་པ་གསོ་སྐྱོང་བྱ་རྒྱུ་དང་། ངལ་རྩོལ་དང་། ཀུན་སྤྱོད། མཛེས་རིག་སློབ་གསོའི་སློབ་ཚན་བཅས་ཕུན་སུམ་ཚོགས་སུ་གཏོང་གི་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་ལས་གནས་སུ་ཕྱིར་ལོག་པའི་ཞིང་པ་ལས་མིར་ལེགས་སྐྱེས་ཆེན་པོ་ཕུལ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་གིས་ཡུལ་སྡེ་དར་རྒྱས་གཏང་རྒྱུའི་ཡིག་ཆ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།