བརྒྱད་ཟིལ་རྫོང་གིས་ལས་གནས་སུ་ཕྱིར་ལོག་པའི་ཞིང་པ་ལས་མིར་ལེགས་སྐྱེས་ཆེན་པོ་ཕུལ།

ཀུན་དགས་བསྒྱུར།        2023-02-15

སྤྱི་ཟླ་དང་པོའི་ཚེས28ཉིན་ཁྲེང་ཏུའུ་རུ་ལས་ཀ་བྱེད་པར་བསྐྱོད་ཉེར་ཡོད་པའི་བརྒྱད་ཟིལ་རྫོང་ཝན་པ་གྲོང་རྡལ་ཀའོ་ཏིའོ་གྲོང་སྡེའི་ཅེ་ཝང་ཚོ་ཆུང་གི་ཡུལ་མི་ཁྲེན་ཧའེ(དབྱིས་རིགས)ཡིས་སེམས་འགུལ་ཐེབས་པའི་ངང་བརྩེ་སེམས་འབུལ་རྟེན་ཐུན་མོང་མ་ཡིན་པ་དེས་ང་ཚོར་དྲོ་སྐྱིད་སྦྱིན་པས་ང་ཚོས་ལས་དོན་ཏན་ཏིག་བསྒྲུབ་ནས་ཕ་ཡུལ་མི་དམངས་ལ་ངོ་གནོང་མི་དགོས་པ་བྱ་རྒྱུ་ཡིན་ཞེས་བཤད།

ཉིན་དེའི་སྔ་དྲོའི་ཆུ་ཚོད6དང་སྐར་མ30ལ་བརྒྱད་ཟིལ་རྫོང་མི་སྤྱི་ཅུས་ཀྱིས་ཆེད་སྤྱོད་འཁོར་རིགས་སྤྱད་དེ་ཞིང་པ་ལས་མི་ལས་གནས་སུ་སྐྱེལ་བའི་མཛད་སྒོ་དེ་བརྒྱད་ཟིལ་རྫོང་རླངས་འཁོར་བབས་ཚུགས་སུ་གཉེར་ཡོད།

འགྲུལ་སྐྱེལ་རླངས་འཁོར6གྲ་སྒྲིག་བྱས་ནས་ཞིང་པ་ལས་མི48དར་མདོ་དང་ཞི་ཁྲང་། ཁྲེང་ཏུའུ་སོགས་སུ་རིན་མེད་བསྐྱལ་རྒྱུ་ཡིན་ཞིང་། རྫོང་མི་སྤྱི་ཅུས་དང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་འཁུར་བས་ལས་གནས་སུ་ཕྱིར་ལོག་བྱེད་མཁན་ཞིང་པ་ལས་མི་དང་གྲོགས་པོ་ཚོར་བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ཟབ་མོ་བྱས་པར་མ་ཟད་མི་རེ་རེར་མགྱོགས་ཐུག་དང་འཐུང་ཆུ་སོགས་ལམ་རྒྱགས་བསྐུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་རྗེས་ཀྱི་ཞིང་པ་ལས་མི་ཉེན་མེད་དང་གོ་རིམ་ལྡན་པའི་ངང་ལས་གནས་ཐོག་བསྐྱར་དུ་ལོག་ཐུབ་ཆེད། བརྒྱད་ཟིལ་རྫོང་མི་སྤྱི་ཅུས་ཀྱིས་དུས་ཐོག་ཏུ་ཕྱིར་གླ་པར་སྐྱོད་མཁན་གྱི་ཆ་འཕྲིན་བསྡུ་ལེན་དང་། གྲོང་སྡེའི་ལས་ཞུགས་ལས་རོགས་པ་དང་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱིར་གླ་པར་འགྲོ་བའི་ཆེད་སྤྱོད་རླངས་འཁོར་གྱི་དྲིལ་བསྒྲགས་ཁྲིད་སྟོན་དང་ཞིང་པ་ལས་མི་ལས་གནས་སུ་བསྐྱོད་རྒྱུ་བཀོད་སྒྲིག་ཡག་པོ་བྱས་ཏེ་ཞིང་པ་ལས་མི་ཉེན་མེད་གོ་རིམ་ལྡན་པའི་ངང་ལས་གནས་སུ་ཕྱིར་ལོག་དང་ལས་ཀ་སླར་གསོ་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་རྫོང་དེའི་མི་སྤྱི་ཅུས་ཀྱིས་མཐིལ་རྟོགས་ཚགས་བཤེར་གྱི་གནས་ཚུལ་ལ་གཞིགས་ནས་ལས་གནས་སུ་ཕྱིར་ལོག་ཆེད་སྤྱོད་རླངས་འཁོར་མུ་མཐུད་མངགས་ནས་ལས་ཞུགས་གདན་ཞུ་དང་། ཁེ་དབང་སྲུང་སྐྱོང་། ལས་གཏོད་རོགས་སྐྱོར་སོགས་ཀྱི་ཞབས་ཞུའི་འགན་ལེན་ལ་ཤུགས་རྒྱག་པ་དང་། ཞིང་པ་ལས་མིའི་ལས་ཞུགས་འབབ་འཕར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་ཡོང་བ་ཟུང་འབྲེལ་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཉེན་མེད་དྲ་བ་ཡག་པོ་སྐྲུན།། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བྱེད།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།