ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ལི་ཡན་མིང་གིས་འགོ་ཡག་པོ་ཞིག་རྩོམ་གང་ཐུབ་བྱས་ནས་མང་ཚོགས་ཀྱི་དགོས་གཏུག་ཆེ་ཤོས་ཏེ་གྲོང་སྡེ་ཟླ་སྒྲིལ་བའི་འགྲོ་ལམ་ཐད་སྦྲེལ་གནད་དོན་ཐག་གཅད་རྒྱུ་ཡིན་ཞེས་བཤད།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-22

ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ལི་ཡན་མིང་གིས་འགོ་ཡག་པོ་ཞིག་རྩོམ་གང་ཐུབ་བྱས་ནས་མང་ཚོགས་ཀྱི་དགོས་གཏུག་ཆེ་ཤོས་ཏེ་གྲོང་སྡེ་ཟླ་སྒྲིལ་བའི་འགྲོ་ལམ་ཐད་སྦྲེ

རྒྱལ་སྲུང་གཞུང་ལམ318པའི་ཀ་བཞི་ལ་ནས་ཉག་ཆུ་རྫོང་བར་གྱི་ལམ།

འགྲིམ་འགྲུལ་སྐྱེལ་འདྲེན་ནི་ཁུལ་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོན་པོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། སྐྱེལ་འདྲེན་ཞབས་ཞུའི་ལས་རིགས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཕྱོགས་སུ་བསྒྱུར་བའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཞིང་། འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ལོར་རང་ཁུལ་གྱིས་ཇི་ལྟར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་བྱ་རྒྱུ་དེ་འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་སུ་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་འགྲིམ་འགྲུལ་གྱི་འགན་ལེན་བརྟན་པོ་འདོན་པ་དང་། ལམ་སྒོ་ཕྱེ་མཁན་གདོང་ལེན་པ་ཡག་པོ་བྱེད་པའི་ལག་ལེན་ཁྲོད་ནས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པའི་སྔོན་ཁྲིད་པའི་འགན་འཁྲི་དང་བྱས་རྗེས་མངོན་པ་བྱ་རྒྱུ་ཡིན་ནམ། ཉེ་ཆར་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཅུས་ཀྲང་ལི་ཡན་མིང་གིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད།

ལི་ཡན་མིང་གིས2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་དང་དུས་འབྲིང་ལེགས་སྒྲིག་གི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དང་ཞིང་ཆེན་གྱི་ཏང་ཨུ། ཁུལ་ཨུ་བཅས་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། དེ་བཞིན་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལ་དམིགས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགྲིམ་འགྲུལ་སྔོན་སྤེལ་གྱི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བ་དང་།“གཞུང་ལྔ་འཕྲེད་ལྔ་”ཡི་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང“ལྕགས་ལམ་གཉིས་དང་མྱུར་བགྲོད་གཞུང་ལམ་ལྔ། མཁའ་ལམ་བཞི”བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་པར་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད།

གཅིག་ནི“དམིགས་འབེན་ཆེན་པོ་ལྔ”དམིགས་ཏེ་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏང་དགོས། མ་དངུལ་གཏོང་འཇོག་དམིགས་འབེན་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར100ཡན་གཏང་རྒྱུའི་འགན་ལེན་བྱ་དགོས་པའི་ནང་གཙོ་གནད་ལས་གཞི་ལ་སྒོར་དུང་ཕྱུར97གཏང་ཐུབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ལ་བདག་སྐྱོང་ཆེ་འབྲིང་བྱ་རྒྱུ་དང་། དེ་བཞིན་གནོད་འཚེ་བཅོས་སྒྲིག་ལ་སྒོར་དུང་ཕྱུར2གཏང་རྒྱུ་དང་ཡུལ་སྡེ་གཞུང་ལམ་ལ་སྒོར་དུང་ཕྱུར1.5གཏང་ཐུབ་པ་བྱ་དགོས།

གཉིས་ནི“ལས་དོན་ཁག་བཞིར”དམ་འཛིན་ཏན་ཏིག་བྱས་ཏེ་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏང་དགོས།“བཅོས་བསྒྱུར་གཉིས་”ཀྱི་འགྲིམ་འགྲུལ་ཐད་ཀྱི་རྗེས་སྐྱོང་ལས་ཀར་དམ་འཛིན་ཏན་ཏིག་བྱས་ཏེ། ཡུལ་སྡེ་ཟླ་སྒྲིལ་གཏོང་བའི་འགྲོ་ལམ་ཐད་སྦྲེལ་ལས་གྲྭ་དང་། གྲོང་ཡུལ་དར་རྒྱས་གཏོང་བའི་ཐོན་ལས་ལམ་དང་ཡུལ་སྐོར་ལམ་གྱི་ལས་གཞི་ལག་ལེན་བསྟར་ནས་ཡུལ་སྡེ་མཛེས་སྡུག་ལྡན་པའི་གཞུང་ལམ་སྤྱི་ལེ100དང་། ཡུལ་སྡེ་ཟླ་སྒྲིལ་གཏོང་བའི་འགྲོ་ལམ་ཐད་སྦྲེལ་ལས་གྲྭ་སྤྱི་ལེ20དང་། དུད་ཁྱིམ30ཡན་གྱི་ཨར་འདམ་ལམ་སྤྱི་ལེ20བཅས་བསྐྲུན་ཏེ། མང་ཚོགས་ཀྱིས་གོང་དུ་ཞུས་པའི་དགོས་གཏུག་ཆེ་ཤོས་ཀྱི་ཡུལ་སྡེ་ཟླ་སྒྲིལ་གཏོང་བའི་འགྲོ་ལམ་ཐད་སྦྲེལ་གནད་དོན་ཐད་ཀར་ཐག་གཅད་དགོས།

གསུམ་ནི“འགན་ལེན་གསུམ”ལ་ཤུགས་བརྒྱབ་ནས་ལས་གྲྭ་སྤུས་ལེགས་ཧུར་ཐག་སྐྲུན་དགོས། ཉེན་མེད་ཀྱི་གཞི་ཐིག་ནན་སྲུང་བྱས་ཏེ་ཉེན་མེད་ཐོན་སྐྱེད་ཀྱི་རྩིས་ཁྲའི་དོ་དམ་དང་ཁེ་ལས་ཀྱི་ཉེན་མེད་ཐོན་སྐྱེད་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་ཞིང་། ཉེན་མེད་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ། ཉེན་ཁ་འགོག་ཟོན་དང་མངོན་མེད་རྐྱེན་ངན་བཅོས་སྐྱོང་ལ་ཤུགས་རྒྱག་པ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་འགོག་སྡོམ་མཐའ་གཅིག་ཏུ་བྱ་དགོས། ཁུལ་དང་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལས་གཞི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་དོན་ལ་འཁྱོལ་ནས་ཨར་ལས་ཀྱི་གཙོ་གནད་དང་ལག་རྩལ་གྱི་དཀའ་གནད། ལས་གཞིའི་དུས་མཚམས་ལ་སྐུལ་ཁྲིད་བྱ་རྒྱུར་ཤུགས་ཏན་ཏིག་བརྒྱབ་ནས་འཛུགས་སྐྲུན་ལས་གཞི་ཁག་བདེ་བླག་ངང་སྐུལ་བའི་འགན་ལེན་བྱ་རྒྱུ་ཡིན།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་འཐུས་མི་ཚོགས་པས་ཁྲེང་ཏུའུ་དང་གཡག་རྔར་རྟོག་ཞིབ་དང་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:ལས་འགོ་ཡག་པོ་བཙུགས་ཏེ་གྲུབ་འབྲས་གཡུར་ཟ་འཐོབ་པར་འབད།
  • དོ་སྣང་ཆེ་བའི་རྩོམ།