ཤིས་ཚིག་གི་མདངས།

ཧུན • དུར་རོ།        2023-02-22

ཟླ་བ་དཀར་ལ་འཇམ།

ཉི་མ་བསིལ་ལ་དལ།

ཚེས་ཆུ་ལེན་པའི་བུ་མོ།

བྲེལ་གྱིས་ལམ་ལ་ཆས།

ནངས་མོ་ཞིག་ལ་འོད་ཟེར་འཚེར།

རྟེན་འབྲེལ་གྱི་མེ་ཏོག་བཞད།

ཤིས་ཚིག་གི་ཁ་བ་འཐོར།

ཉི་མ་གསལ་བའི་ཞོགས་པར།

ཤིས་ཚིག་གི་མེ་ཏོག་གུར་ཀུམ།

ཉི་མ་དང་མཉམ་དུ་འབུས།

ད་ལོ།

ནགས་ཚལ་དང་མེ་ཏོག།

རྩི་ཤིང་དང་ལོ་མ།

ཆར་བ་དང་ཁ་བ།

འདབ་མ་དང་འབྲས་བུ།

ཡར་ངོའི་ཟླ་བ་བཞིན།

དཀར་གསལ་གྱི་བཀྲག་དམངས་མངོན།

དུས་ཀྱི་དགུན་ཁ་ཡིན་ཡང་།

སྨོན་འདུན་དང་རྟེན་འབྲེལ་གྱི་དབྱར་ཁ་ཡིན།

གཟའ་སྐར་གྱི་ལོ་ལེགས་ཀུན་ནས་བཞད།


  • ལེ་ཚན་སྔོན་མ།:ལོ་སར་བསུ།
  • ལེ་ཚན་རྗེས་མ།:ལོ་གཡང་འགུགས་པའི་སྙན་ཚིག་གཅམ་བྲལ་ངག་གི་སྙེ་མ།