ལོ་སར་གྱི་བསུ་མ།

གཟི་ནག་པོ།        2023-02-24

རི་ལུང་ཀུན་ཏུ་དུད་ཞགས་ཀྱི་

ཡོངས་སུ་བཀང་དུས།

ཁྱིམ་མི་དག་གི་ངོ་གདོང་ལ་འཛུམ་མདངས་རྒྱས་ཏེ།

བགྲེས་པོ་དག་གིས་ཁ་བཏགས་དང་བཅས།

དེ་རིང་གི་མགྲོན་པོ་ཁྱེད་ལ།

བསུ་མ་རྒྱ་ཆེན་ཞིག་བྱེད་འོང་།

ཟས་རིགས་ལ་ཚོད་ཅིག་མེད།

བཏུང་ཁུ་ཡང་དེ་ལས་ཀྱང་།

གྲལ་དུ་བཞུགས་པའི་ཕ་མ།

གཡས་སྐོར་གཡོན་བཞུགས་ཀྱི་ཉེ་རིང་།

དགོད་སྒྲ་དང་བཅས།

ཇ་ཕོར་གནམ་ལ་བཀྱག།

ཐེངས་གསུམ་ལྷ་ལ་མཆོད།

དེ་རིང་གི་དུས་ཚིགས་ལ།

གྱེས་བྲལ་ལ་ཁ་ཡ་མི་བྱེད།

དགའ་སྤྲོ་དང་དགོད་འཛུམ་གྱི་རྫོགས་པར་བྱེད།

དགོངས་ཁའི་འགད་རྫས་དག་གི་

སྐད་སྒྲ་དེ།

དེ་ཙམ་རྣ་ལ་གཟན་མོད།

གཡུབ་སྣ་ཚོགས་ཀྱི་འོད་དེ།

དངོས་ནས་སྙིང་ལ་ཉེ་བ་ཞིག་ཅིས་ཀྱང་རེད་ཨང་།



  • ལེ་ཚན་སྔོན་མ།:ལོ་སར་གཡང་གི་མཆོད་ཁ།
  • ལེ་ཚན་རྗེས་མ།:ལོ་གསར་པའི་ཁ་གཡང་བཀྲ་ཤིས་གཡང་འཁྱིལ།