དཀར་མཛེས་རྫོང་གིས་ན་ཆུང་བྱིས་པ་ཚོར་ཁྲིམས་ལུགས་སློབ་གསོ་བྱས།

ལས་ཞོར་གསར་འགོད་པ་བློ་བཟང་དོན་འགྲུབ།        2023-02-23

དཀར་མཛེས་རྫོང་གིས་ན་ཆུང་བྱིས་པ་ཚོར་ཁྲིམས་ལུགས་སློབ་གསོ་བྱས།

     སྤྱི་ཟླ2པའི་ཚེས20ཉིན། དཀར་མཛེས་རྫོང་ཁྲིམས་འཛིན་ཅུས་ཁྲིམས་ལུགས་ཁྱབ་གདལ་ཡན་ལག་རུ་ཁག་ཆུང་བས་སྣེ་ཁྲིད་དེ། ན་ཆུང་བྱིས་པ་ཚོའི་ཁྲིམས་སྐྱོང་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་གཏོང་ཆེད། ཞིབ་དཔྱོད་ཁང་དང་ཁྲིམས་ཁང་སོགས་ཀྱི་འབྲེལ་ཡོད་མི་སྣ་དཀར་མཛེས་ཁུལ་ཁམས་བྱང་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་ནས་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ་འཚོགས་པ་དང་བསྟུན་ནས་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།

     བྱེད་སྒོའི་ཁྲོད་དུ། ཁྲིམས་ལུགས་ཁྱབ་གདལ་པས་ན་ཆུང་བྱིས་པ་ཚོར་གསོན་ཉམས་ལྡན་ལ་སྤྲོ་སྣང་འཕེལ་བའི་ཁྲིམས་ལུགས་སྐོར་གྱི་སློབ་ཚན་ཁྲིད་པ་དང་། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆས་བརྙན་ལམ་དང་དཔེ་མཚོན་གཉིས་ཟུང་དུ་སྦྲེལ་ནས་སློབ་རའི་བརྙས་བཅོས་དང་འཆལ་སྤྱོད་སོགས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དྲིལ་བསྒྲགས་བྱས་ཏེ། ན་ཆུང་བྱིས་པ་ཚོར་ཡིན་མིན་གསལ་རྟོགས་དང་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་སྲུང་སྐྱོང་ཡང་དག་དགོས་ལུགས་ཤེས་སུ་བཅུག་པ་དང་།  ཁོ་ཚོས་ཁྲིམས་སྦྱོང་བར་ཤུགས་རྒྱག་པ་དང་། སྤྱི་ཚོགས་ཀྱི་གོམས་སྲོལ་ངན་པའི་ཤུགས་རྐྱེན་རང་རྟོགས་ངང་བཀག་སྟེ་སྒྲིག་བཀུར་ཁྲིམས་སྲུང་དང་བདེ་ཐང་ཡར་ཐོན་གྱི་སློབ་མ་བཟང་པོ་ཞིག་བྱ་དགོས་པའི་རེ་བ་བཏོན་པ་རེད།

     ད་ཐེངས་ཀྱི་བྱེད་སྒོརབཅའ་ཁྲིམས་སློབ་གྲྭདངབཅའ་ཁྲིམས་རོགས་སྐྱོར་གྱི་དྲི་བ100》སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀློག་དེབ་དང་དངོས་པོ300ལྷག་སྤྲད་ཡོད། དེ་དང་ཆབས་ཅིག་དཔེ་ཁུག་དང་འབྲི་དེབ་སོགས་སློབ་སྦྱོང་མཁོ་ཆས་ཀྱང་སྤྲད་པ་རེད། དཀར་མཛེས་རྫོང་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་མི་སྣས་སླད་ཕྱིན་ད་རུང་ན་ཆུང་བྱིས་པ་ཚོའི་ཁྲིམས་སྐྱོང་འདུ་ཤེས་དང་ནུས་པ་མུ་མཐུད་དེ་ཆེ་རུ་གཏོང་བའི་ལས་དོན་ལ་ཤུགས་བརྒྱབ་སྟེ། ལོ་ན་མ་སོན་པའི་བྱིས་པའི་ལུས་སེམས་བདེ་ཐང་ལ་འགན་ལེན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


དཀར་མཛེས་རྫོང་གིས་ན་ཆུང་བྱིས་པ་ཚོར་ཁྲིམས་ལུགས་སློབ་གསོ་བྱས།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ན་ཆུང་བྱིས་པ་ཚོར་ཁྲིམས་ལུགས་སློབ་གསོ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་ས་གནས་ཁག་གིས་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་བསུས།
  • དོ་སྣང་ཆེ་བའི་རྩོམ།