སེམས་ཐག་གཙང་བཅད་ཀྱིས་དུས་རབས་འགན་འཁྲི་ཡག་པོ་སྒྲུབ།

ཀུན་དགས་བསྒྱུར།        2023-03-10

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐྱབས་མགོན་དཔལ་ལྡན་རྡོ་རྗེ་ལགས་ལ་བཅར་འདྲི་བྱས་པ།

2023ལོར་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐྱབས་མགོན་དཔལ་ལྡན་རྡོ་རྗེ་ལགས་སླར་ཡང་པེ་ཅིང་དུ་ཚོགས་འདུར་ཕེབས་ཡོད། དཀར་མཛེས་མཐོ་སྒང་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ཁོང་གིས་ཚོགས་ཆེན་ཐོག་རང་ཁུལ་གྱི་དམངས་འཚོ་འཕེལ་རྒྱས་སྐོར་གྱི་གྲོས་འཆར5ཕུལ་ཡོད།

2018ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དུ་གྱུར་པ་ནས་བཟུང་། སྐྱབས་མགོན་དཔལ་ལྡན་རྡོ་རྗེས་སློབ་སྦྱོང་ཁྲོད་འགན་འཁྲི་ལག་ལེན་བསྟར་འགོ་ཚུགས། ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཡིན་པ་ཤེས་ཀྱི་ཡོད། ཁོང་གིས་གསར་འགོད་པར་དུས་རྒྱུན་བརྟག་དཔྱད་ཞིབ་འཇུག་བྱས་ནས་རང་ཁུལ་ཁྱབ་ཁོངས་ཁག་གི་གླེང་མང་བའི་གནད་དོན་དང་།དཀའ་གནད་བཅས་ལ་རྒྱུས་ལོན་བྱས་ཏེ་ཏང་དང་མི་དམངས་ཀྱི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མེད་ཅེས་གསུངས།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་སྐྱབས་མགོན་དཔལ་ལྡན་རྡོ་རྗེས་བཏོན་པའི་གྲོས་འཆར5ནི《 9·5ལྕགས་ཟམ་ཁའི་འགུལ་རྗེས་བསྐྱར་སྐྲུན་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འཆར།》དང 《སི་ཁྲོན་ནུབ་བྱང་གི་ས་བབ་མཐོ་ཁུལ་དུ་ནུས་རྒྱུ་དང་དྲོད་རླངས་གཙང་མ་མཁོ་འདོན་གྱི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གློག་སྤྱོད་རིན་གོང་གཟིགས་སྐྱོང་བྱ་རྒྱུའི་སྐོར་གྱི་གྲོས་འཆར།》 《བོད་འབྲེལ་ས་ཁུལ་གྱི་སློབ་གསོ་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འཆར།》《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འཆར།》《དཀར་མཛེས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་མ་ལམ་དྲ་བ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འཆར》བཅས་རེད།

གྲོས་འཆར་ལྔ་པོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། སྐྱབས་མགོན་དཔལ་ལྡན་རྡོ་རྗེས་ཡུལ་དངོས་སུ་བརྟག་ཞིབ་དང་དཔྱད་ཡིག་ཀློག་བཤེར་སོགས་བྱས་ཡོད། ཁོང་གིས 2022ལོའི་སྤྱི་ཟླ9པའིཚེས5ཉིན་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་ས་འགུལ་རིམ་པ6.8བྱུང་རྗེས།ངས་གནོད་ཐེབས་མང་ཚོགས་ལ་བྱ་བ་ཕྲན་བུ་སྒྲུབ་འདོད་ཡོད། དེར་བརྟེན།ངས 9·5ཡི་འགུལ་རྗེས་བསྐྱར་སྐྲུན་གྱི་འབྲེལ་ཡོད་གྲོས་འཆར་ཞིག་གཏན་འཁེལ་བྱ་རྒྱུའི་ཐག་བཅད་པ་ཡིན། དེ་དང་ཆབས་ཅིག་གནོད་འཚེ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་གཅེས་སེམས་ཡོད་པས་ཏང་ཨུ་དང་།སྲིད་གཞུང་།སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ས་འགུལ་གྱི་འཇིགས་སྣང་སེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།

སྐྱབས་མགོན་དཔལ་ལྡན་རྡོ་རྗེས་ཐོག་མཐའ་བར་གསུམ་དུ་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱི་ཡོད། ཁོང་གི་ངོས་ནས་བརྗོད་ན་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་བཏང་སྟེ་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་འགག་རྩ་ཞིག་ཡིན་པ་དཔེར་ན། གྲང་འགོག་གནད་དོན་དང་མཐོ་སྒང་དུ་ཉེན་མེད་གསོ་རླུང་སྤྱོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ལྟ་བུ་རེད། ལོ་དེ་དག་ནང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་ལམ་རྒྱུད་དང་དེ་བཞིན་གཙོ་གནད་ལྗོངས་ཁུལ་དུ་མཐོ་སྒང་བདེ་ཐང་གི་གསོ་རླུང་སྤྱོད་པའི་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བས་གྲུབ་འབྲས་ངེས་ཅན་ཞིག་ཐོབ་མོད།འོན་ཀྱང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་དང་བསྟུན་ནས་ང་ཚོས་རྒྱ་ཆེ་བའི་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་གྱི་མྱོང་ཚོར་སྔར་བས་ཟབ་ཏུ་གཏང་དགོས། དེས་ན་རང་ཉིད་ཀྱི་གྲོས་འཆར་དེར་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུའི་ལན་འཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས།

རང་བྱུང་སྐྱེ་ཁམས་མ་ལག་ཆ་ཚང་བ་དང་།སྲོག་ཆགས་དང་རྩི་ཤིང་ཐད་ཀར་ཁྱབ་རྒྱ་ཆེ་བ།སྐྱེ་དངོས་སྣ་མང་རང་བཞིན་ཉར་ཚགས་ཡག་པོ་བྱུང་བ་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ངོས་ནས་བརྗོད་ན།རང་ཁུལ་གྱིས་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་འཁུར་ཡོད་པས་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ལྡན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བྱས་པའི་ལོ་མང་རིང་སྐྱབས་མགོན་དཔལ་ལྡན་རྡོ་རྗེས་རང་ཁུལ་གྱི་སྐྱེ་ཁམས་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་བྱེད་ཀྱི་ཡོད་ལ་འདི་ལོ་ཡང་དེ་ལྟར་རེད། ཁོང་གི་ངོས་ནས་བརྗོད་ན་དཀར་མཛེས་ཀྱི་ས་གཞི་ཆེན་མོའི་སྐྱེ་ཁམས་ལས་དོན་དེ་སྐས་རིམ་གསར་པར་སྐྱོད་ཐུབ་པར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་གངས་དཀར་རི་བོའི་རི་ཆུ་ནགས་གསུམ་དང་།ཞིང་ལས།མཚོ་དང་མཚེའུ།བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས།

སྲིད་གྲོས་ཨུ་ཡོན་ནི་མི་དམངས་མང་ཚོགས་ཀྱི་སྙིང་ཉེ་བའི་གྲོགས་པོ་ཡིན་པས་དམ་པ་དོན་གཉེར་གྱིས་གནད་དོན་ཐག་གཅོད་བྱ་དགོས། བརྟག་ཞིབ་ཐེངས་མང་བྱེད་རིང་།སྐྱབས་མགོན་དཔལ་ལྡན་རྡོ་རྗེས་དཀའ་ཚེགས་ཆེ་བའི་ལས་དོན་ཁག་དོན་འཁྱོལ་བྱུང་བ་དང་བསྟུན་ནས་ཁུལ་སློབ་གསོ་འཕྲོད་བསྟེན་བྱ་གཞག་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྤྱི་ཚོགས་ཡར་ཐོན་དང་མི་རྣམས་ཀྱི་དགོས་མཁོར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་དེང་སྐབས་ཀྱི་སློབ་གསོའི་འཕྲོད་བསྟེན་ལས་དོན་མུ་མཐུད་དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་བསྙེག་དགོས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་ཁོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་འཕྲོད་བསྟེན་དཔུང་ཁག་གི་ལྕག་སྐུལ་སྲིད་ཇུས་འདོན་པ་དང་ཆབས་ཅིག་འདུས་འདྲིལ་གཅོང་ནད་ཕྱོགས་བསྡུས་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་སྒང་ནད་ཀྱི་གསོ་རིག་ཞིབ་འཇུག་སྨན་བཅོས་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱ་དགོས་པའི་གྲོས་འཆར་བཏོན་ཡོད།

ཉེ་བའི་ལོ་ཤས་རིང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།སི་ཁྲོན་ཞིང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རང་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་རྩ་བའི་ཆ་ནས་ལེགས་བཅོས་བྱུང་བ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། འགྲིམ་འགྲུལ་དྲ་བ་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད། ཏང་ཀྲུང་དབྱང་གི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་ཁུལ་གྱིས་ཁྲེང་ཏུའུ་ནས་དར་མདོའི(ར་རྔ་ཁ)ནས་མཚོ་སྔོན་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་ལ་ཁྲེང་ཡུས་མྱུར་བགྲོད་གཞུང་ལམ་ཞེས་བསྡུ་རྒྱུ)དང་ལི་ཐང་ནས་འདབ་པ། ཡུན་ནན་ས་དམ(སི་ཁྲོན་གྱི་ས་ཁོངས་)བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་དུ་ས་ལི་མྱུར་བགྲོད་གཞུང་ལམ་ཞེས་བརྗོད་རྒྱུ)བསྐྲུན་ནས་ལྷོ་བྱང་འབྲེལ་བའི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་གཙོ་བོར་གྱུར་བར་ཤུགས་བརྒྱབ་སྟེ་རྒྱལ་ཁབ་བདེ་འཇགས་དང་།འཕེལ་རྒྱས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་བཅས་ལ་བསྐུལ་ཡོད།

སྟབས་བདེ་བའི་འགྲིམ་འགྲུལ་གྱིས་རང་ཁུལ་གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་རྒྱུ་རེད། སྐྱབས་མགོན་དཔལ་ལྡན་རྡོ་རྗེས་ཁྲེང་ཡུས་མྱུར་བགྲོད་གཞུང་ལམ་དང་ས་ལིའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་གིས་རྒྱལ་སྲུང་གཞུང་ལམ0615ཡི་སྡེ་དགེ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ར་རྔ་ཁ་ནས་དཔལ་སྨད་བར་གྱི་སྤྱི་ལེ50འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གཞུང་ལམ་གྱི་དུས་འབྲིང་ལེགས་སྒྲིག་འཛུགས་སྐྲུན་འཆར་འགོད་ནང་བཅུག་ནས་ས་ལི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གཞུང་ལམ་འཛུགས་སྐྲུན་གྱི་འཆར་འགོད་ནང་འཇུག་དགོས་པའི་གྲོས་འགོ་བཏོན་ཡོད།

སྐྱབས་མགོན་དཔལ་ལྡན་རྡོ་རྗེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་ཐེངས་རེ་རེར་གྲུབ་འབྲས་ཡག་པོ་ཐོབ་ཡོད། ཁོང་གིས་གསར་འགོད་པར་དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་པའི་རྩ་དོན་གཞིར་བཟུང་ནས་སླད་ཕྱིན་སློབ་སྦྱོང་དང་བསམ་གཞིག་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་ནས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕུགས་འདུན་བཟང་པོ་མངོན་འགྱུར་ཡོང་རྒྱུར་བསྐུལ་དགོས། དུས་མཉམ་དུ། མང་ཚོགས་སེམས་ལ་འཇོག་པ་དང་།འགན་འཁྲི་ཕྲག་ཏུ་འཁུར་བ།སྲིད་གྲོས་ཀྱི་ཁྱིམ་གཞིས་ཆེན་པོ་འདིའི་ནང་དུ་སྲིད་གྲོས་ཨུ་ཡོན་ཞིག་གི་དུས་རབས་ཀྱི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་པར་བསྒྲུབ་དགོས་ཞེས་གསུངས་པ་རེད།།




  • ལེ་ཚན་སྔོན་མ།:ཡུལ་སྡེ་དར་རྒྱས་གཏོང་བར་རོགས་བྱས་ནས་དམངས་འཚོ་ལེགས་གཏོང་དང་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།