གསེར་རྟ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་དུས་ཚིགས་དང་པོར་དཔལ་འབྱོར་འཕེལ་ཐབས་བྱས།

ཀུན་དགས་བསྒྱུར།        2023-03-01

ཉེ་ཆར། གསེར་རྟ་རྫོང་གི་གོང་འོག་མཐུན་སྒྲིལ་དང་ཕྱི་ནང་མཉམ་འགུལ། བྱ་ཐབས་སྣ་མང་སྤྱད་དེ་ལས་གཞི་འཛུགས་སྐྲུན་དང་།ཚོང་འགུགས་མ་འདྲེན།ཁྲོམ་རའི་བྲིན་ཚོང་སོགས་ཀྱི་ལས་དོན་ལ་བསྐུལ་ནས་དུས་ཚིགས་དང་པོའི་དཔལ་འབྱོར་འཕེལ་བར་བརྩོན་ལེན་བྱས་པ་རེད།

རྫོང་དེས་ལས་གཞི་བཀོད་འདོམས་པུའུ་ཡི་སྣེ་ཁྲིད་སྤྱི་འདོམས་ཀྱི་ནུས་པ་བཏོན་ནས་མགོ་ཁྲིད་ཚན་ཁག་གིས་གྲུབ་རྐྱེན་གཙོ་བོའི་འགན་ལེན་ལ་དམ་འཛིན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་གསར་སྐྲུན་ལས་གཞི35དང་མཐུད་སྐྲུན་ལས་གཞི22དུས་བཀག་ལྟར་ལས་འགོ་བསྐྱར་ཚུགས་ཐུབ་པ་ཆ་རྐྱེན་བསྐྲུན་ཡོད། ད་སྔར་ལས་འགོ་འཛུགས་ཉེར་ཡོད་པའི་ལས་གཞི10ཡོད་པ་དང་། དེ་དག་གོ་རིམ་ལྡན་པའི་ངང་ལས་གཞིའི་དུས་འགོའི་ལས་གཞི25སྒྲུབ་བཞིན་ཡོད།

དེ་དང་ཆབས་ཅིག་རྫོང་དེས་ཆེད་དོན་བུན་འཛིན་འདུན་ཞུའི་ལས་དོན་ལ་ཤུགས་བརྒྱབ་ཅིང་།ད་སྔར་དངུལ་རྩའི་ལས་གཞི5བསགས་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར8.46བཏང་བ་དང་། གྲབས་གསོག་གི་ཆེད་དོན་བུན་འཛིན་ལས་གཞི8ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར10.65བཏང་བའི་ནང་རྒྱལ་ཁབ་ཀྱི་ལས་གཞི་མཛོད་གལ་ཆེན་དང་ནོར་སྲིད་ས་གནས་ཀྱི་བུན་འཛིན་ལས་གཞིའི་མཛོད5ཡོད། ནོར་གནག་ཐོན་ལས་འདུས་འཛོམས་འཛུགས་སྐྲུན་དང་།ནུས་རྒྱུ་གཙང་མ།རྒྱ་བོད་ལུགས་གསོ་རིགས་སོགས་ཀ་རྟེན་ཐོན་ལས་ལ་དམིགས་ནས་ཚོང་འགུགས་བྱས་ཤིང་། ད་སྔར་སྒྲོམ་གཞིའི་གྲོས་མཐུན་ལས་གཞི6བཞག་པ་དང་ཁ་ཕྱོགས་རང་བཞིན་གྱི་མཉམ་ལས5དང་གསོག་འཇོག་ཚོང་འགུགས་ལས་གཞི4ཡོད་པ་དང་། སི་ཁྲོན་གཙོད་ཀྱི་འཁྱགས་ཀླུང་ཆུ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་སན་ཝང་ཚོགས་པའི་བར་དཀར་མཛེས་ཁུལ་རུང་ཏ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ཐོ་འགོད་པའི་གན་བཞག་སྒོར་དུང་ཕྱུར0.8ལ་ཟིན་ཡོད།

རྫོང་དེས་ད་དུང《གསེར་རྟ་རྫོང་གི་འཛད་སྤྱོད་སྔར་བས་སླར་གསོ་དང་རྒྱ་ཆེར་གཏོང་བའི་སྐོར་གྱི་སྲིད་ཇུས་ལག་བསྟར་ཞིབ་སྲོལ》བཏོན་ནས་གསེར་རྟ་རྫོང་གི་འཛད་སྤྱོད་ལ་སྐུལ་བའི་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ཏེ་ཁེ་ལས་ཀྱི་སྣེ་ཁྲིད་དེ་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཤིང་། སྤྱི་ཟླ་དང་པོའི་ཚེས13ཉིན་དབུན་ཅང་དང་ཅའོ་ཅང་དུ“ཝུན་ཅང་དགོན་སྡེའི་མར་མེ་མཛད་སྒོ”སོགས་སྤེལ་ནས་སྔོན་དཔག་བྱས་ན་དུས་ཚིགས་དང་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བྱེད་ཚད་ཀྱི་དམིགས་ཚད་ལས་འགན་སྒོར་ཁྲི6307.4ལ་ཟིན་ནས་འཕར་ཚད་བརྒྱ་ཆ8ལ་ཟིན་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:ད་ལོར་ལི་ཐང་རྫོང་གིས་འགྲན་པ་བཞི་ཡིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱ་རྒྱུ།
  • ལེ་ཚན་རྗེས་མ།:མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10