ཧྲེན་དབྱང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་སྐོར་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-03-01

ཧྲེན་དབྱང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་སྐོར་ཞིབ་གནང་།

ཧྲེན་དབྱང་གིས་སྡེ་དབུས་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེའི་གཅིག་སྡུད་བཀོད་སྒྲིག་ས་ཚུགས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་སྐོར་ཞིབ་གནང་བཞིན་པའི་ཚུལ།

སྤྱི་ཟླ2པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྤྱི་ཁྱབ་ཆུ་དཔོན་དང་པོ། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཁུལ་རིམ་པའི་ཆུ་དཔོན་ཧྲེན་དབྱང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ལྕགས་ཟམ་དུམ་མཚམས་སུ་སྐོར་ཞིབ་གནང་བར་མ་ཟད། ན་ལོའི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཏེ། སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་པོ་བཅངས་པ་དང་སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་ཕོད་པ། དུས་རབས་གསར་པར་ཆུ་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་བ། ཆུ་བོ་དང་མཚེའུ་ཡི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཕན་ཡོང་བའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ཞེས་ནན་གསུང་གནང་བ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་ནས་གདན་ཐོག་གྲོང་རྡལ་བར་གྱི་དུམ་བུ་བརྒྱུད། ཧྲེན་དབྱང་གིས་ཡུལ་དངོས་སུ་ཆུ་སྤུས་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུལ་ལ་ལྟ་ཞིབ་དང་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་ལེན་བསྟར་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་དང་། ལྕགས་ཟམ་རྫོང་གིས་ནུས་ཤུགས་ཡོད་རྒུས་ཆུ་བཅོས་སྐྱོང་བྱེད་པའི་བྱ་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུས་འགྲམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་ཆབས་ཅིག་ད་སྔར་མིང་ཅང་གཙང་བོར་འདྲེས་པའི་ཞབས་ཞུ་འགན་ལེན་ཆེན་པོ་བྱེད་པའི་འགན་འཁྲི་དང་ལས་འགན་ཡང་འཁུར་ཡོད། ཆུའི་སྐྱེ་ཁམས་བཅོས་སྐྱོང་དང་། ཆུའི་ཁོར་ཡུག་སྲུང་སྐྱོང་། འགན་འཁྲི་ལྕི་ཞིང་དོན་སྙིང་ཟབ་མོ་ཡིན་པས། ལྕགས་ཟམ་རྫོང་དང་དེ་བཞིན་རིམ་ཁག་ཆུ་དཔོན་དང་མཚེའུ་དཔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་འགན་འཁྲི་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྲུང་སྐྱོང་གཙོ་ཆེན་དང་བཅོས་སྐྱོང་གལ་ཆེན་གྱི་བླང་བྱ་དོན་ཐོག་ནན་མོར་འཁྱོལ་ཏེ་ཆུ་གཙང་ངོགས་སྲུང་དང་ཆུ་སྐྱོང་བྱ་སྤྱོད་སྤེལ་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་གནས་ཚུལ་མཐོང་སྐབས། ཧྲེན་དབྱང་གིས་ས་གནས་དེ་གས་ཨར་སྐྲུན་ཚན་པར་དྲིལ་བསྒྲགས་ཁྲིད་སྟོན་བྱ་རྒྱུར་ཤུགས་རྒྱག་པ་དང་། ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོག། ཁོར་ཡུག་སྲོང་སྐྱོང་བྱེད་པའི“དུས་མཉམ་གསུམ”སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལྟ་སྐུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་ཆུ་ལམ་བཙན་བཟུང་དང་བེད་མེད་སྙིགས་རོ་བསྐྱུར་བ། ཁྲིམས་འགལ་ངང་བྱེ་མ་འདོན་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཆུ་བོ་དང་མཚེའུ་ཉེན་མེད་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཧྲེན་དབྱང་གིས་ན་ནིང་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་གྲྭ་འགོ་ཚུགས་པའི་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཁོང་གིས་སྡེ་དབུས་གྲོང་རྡལ་གྱི་ཁུའེ་ཝུའུ་གྲོང་སྡེའི་གཅིག་སྡུད་བཀོད་སྒྲིག་ས་ཚུགས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་དུ་སྐྲུན་པར་གནོད་སྐྱོན་ཕོག་ཁུལ་མང་ཆོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ད་སྔར་ལས་གྲྭ་ཨར་སྐྲུན་གྱི་དུས་སྐབས་ཡག་ཤོས་ཡིན་པས་ལྕགས་ཟམ་རྫོང་དང་ཨར་སྐྲུན་ཚན་པ་ཁག་གིས་མི་དམངས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་དང་གཅིག་འདོམས་བཀོད་སྒྲིག། འཆར་འགོད་ལྟར་དམག་འཐབ་བཅས་རྒྱུན་འཁྱོངས་ཏེ། ལས་གྲྭའི་སྤུས་ཚད་དང་ཨར་ལས་ཉེན་མེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མྱུར་ཚད་མགྱོགས་སུ་བཏང་ནས། གནོད་སྐྱོན་ཕོག་ཁུལ་མང་ཆོགས་རྣམས་གང་མགྱོགས་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱ་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། མཉམ་འགུལ་མཉམ་ལས། སྲིད་དོན་ཞབས་ཞུའི་ཐོགས་མེད་ལམ་བུ་དང་ཨར་ལས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ་སེམས་ནུས་གཅིག་སྒྲིལ་ངང་བཀོད་སྒྲིག་བྱ་ཡུལ་དེ་སྤུས་དག་ལས་གྲྭ་དང་ཚད་ལྡན་ལས་གྲྭ་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་པ་རེད།།




  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སློབ་གསོའི་ཐད་དམངས་ལ་ཕན་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་མི་འདང་ས་ཁ་གསབ་དགོས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10