རྟའུ་རྫོང་གི་མང་ཚོགས་ཀྱིས་སྒོ་ཁར་ལས་གནས་འདེམས་པར་བྲེལ།

རྟ་མགྲིན་གྱིས་བསྒྱུར།        2023-02-27

སྤྱི་ཟླ2པའི་ཚེས15ཉིན། རྟའུ་རྫོང་གིས2023ལོའི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོར་དཔྱིད་དུས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་ཞེས་པ་གཙོ་དོན་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་ལས་གནས་ཁྱབ་སྤེལ་གཏོང་བ་དང་སྲིད་ཇུས་སྒྲོག་པ། ལས་ཞུགས་ལ་མཛུབ་ཁྲིད་བྱས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་རྟའུ་རྫོང་གི་ངལ་རྩོལ་ནུས་ཤུགས་ལས་འཚོལ་དང་ལས་ཞུགས་གོ་རིམ་ལྡན་ལ་བརྟན་པོ་ཡོང་བར་རོགས་རམ་བྱ་རྒྱུ་དེ་རེད།

ཐེངས་འདིའི་བྱེད་སྒོ་ལེགས་པར་འགྲུབ་ཆེད། རྟའུ་རྫོང་གི་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ཤར་ནུབ་རྒྱུད་ཀྱི་ངལ་ནུས་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ལས་གནས་རྒྱབ་སྐྱོར་འཐོབ་ཐབས་ཧུར་ཐག་བྱས་ཏེ་ཡུལ་ཤོག་དང་གྲོང་རྡལ་གྱིས་ཡར་ཞུས་པའི་ཞིང་འབྲོག་པའི་ལས་ཞུགས་བསམ་འདུན་འཚོལ་བསྡུའི་ལེགས་འདེམས་ལས་གནས་ཆ་འཕྲིན་གཞིར་བཟུང་ནས། ཞིང་འབྲོག་པའི་ལས་གནས་འཚམ་མཐུན་རང་བཞིན་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་མགྱོགས་མྱུར་ངང་ལས་གནས་བཙལ་བ་དང་ལས་གནས་འོས་འཚམ་འདེམས་རོགས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཡུལ་ཤོག(གྲོང་རྡལ)དང་གྲོང་སྡེའི་ལས་ཞུགས་ཞབས་ཞུའི་མི་སྣའི་དྲིལ་སྒྲོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུད་ཚང་དུ་བསྐྱོད་ནས་བཅར་འདྲི་དང་གཅིག་སྡུད་སྒྲོག་འགྲེལ། དྲྭ་ཐོག་ནས་ཁྱབ་སྤེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡུལ་ཤོག་དང་གྲོང་རྡལ19ཡི་ཞིང་འབྲོག་པ300ལྷག་ལ་ལས་གནས་ཆ་འཕྲིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ལས་འཚོལ་གྱི་སྤྲོ་སེམས་སྔར་བས་བསླངས།

ཨ་ཁུ་ལགས། ཁྱེད་ལ་ཤིང་བཟོའི་ཉམས་མྱོང་ཡོད་པས་ལས་གནས་འདི་ཁྱེད་ལ་ཧ་ཅང་འཚམ་པོ་འདུག། ནུ་མོ་ལགས། ཁྱེད་རང་བདེ་བླག་ངང་ལས་གནས་སུ་ཞུགས་རྗེས། གཏན་འབེབས་ལྟར་དབུལ་ཐར་མི་འབོར་ཞིང་ཆེན་ལས་བརྒལ་ནས་ལས་ཞུགས་བྱེད་པར་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་རག་འདུག་ཅེས་བྱེད་སྒོ་སྤེལ་ཡུལ་དུ་ལས་ཞུགས་སྡེ་ཚན་གྱི་ལས་དོན་མི་སྣས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་བློ་འདྲི་བྱེད་པར་ཡོང་མཁན་གྱི་ཞིང་འབྲོག་པའི་དོགས་གནད་ལ་ལན་འདེབས་བཞིན་འདུག། དེ་དང་ཆབས་ཅིག་ལས་དོན་མི་སྣས་ལས་གནས་ངོ་སྤྲོད་དང་སྲིད་ཇུས་གསལ་འགྲེལ། ལས་ཞུགས་མཛུབ་ཁྲིད་བཅས་ཟུང་དུ་སྦྲེལ་བའི་ཞབས་ཞུའི་ཐབས་སྤྱད་དེ་ཡུལ་དངོས་ཀྱི་མང་ཚོགས་ཚོའི་སྤྲོ་སྣང་དང་དགའ་ཕྱོགས། རྩལ་ནུས་ཆུ་ཚད་སོགས་ལ་བསྟུན་ནས་ལས་ཞུགས་ལས་གནས་འོས་སྦྱོར་བྱས་པར་མ་ཟད། ལས་ཞུགས་བྱས་རྗེས་རྩལ་ནུས་ཆེ་རུ་གཏོང་བ་དང་ལས་གནས་བརྟན་པོར་ཡོང་བ་སོགས་ལ་དམིགས་ནས་མཛུབ་ཁྲིད་བྱས་ཤིང་ཁོ་ཚོའི་ཡིད་ཆེས་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་ལྕག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམ་རྩིས་བྱས་ན་རྟའུ་རྫོང་གི་ཐེངས་འདིའི་གདན་ཞུའི་ནང་ཞིང་ཆེན་ཕྱི་ནང་གི་མི་སྤྱོད་ལས་གནས་ཀྱི་ཆ་འཕྲིན1100ལྷག་འགྲེམས་བསྒྲགས་དང་ཞིང་འབྲོག་པ90ལྷག་ལ་ཞབས་འདེགས་ཞུས་ཡོད། སྲིད་ཇུས་ཀྱི་དོགས་གནད70ལྷག་ལ་ལན་བརྒྱབ་ནས་ཞིང་འབྲོག་པའི་ལས་ཞུགས་འདོད་མོས10ལྷག་ཙམ་བསྡུས། ཞབས་ཞུ་སྙིང་ཉེ་བ་དང་ཞིབ་ཚགས་པོ་ཡིན་པས་ཡུལ་དངོས་མང་ཚོགས་ཚོའི་གདེང་འཇོག་ལེགས་པོ་ཐོབ་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།