ཆིན་ཞའོ་ཆང2022ལོ་འཁོར་གྱི་ཁྲིམས་སྐྱོང་མི་སྣར་བདམས།

        2023-02-24

 ཉེ་ཆར། ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི“ལོ་འཁོར་གྱི་ཁྲིམས་སྐྱོང་གསར་འགྱུར་གསེད་པ་དང་ཀྲུང་གོའི་ཁྲིམས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་གཏོང་བ”ཡི་དམིགས་དོན་ལས2022ལོ་འཁོར་གྱི་ཁྲིམས་སྐྱོང་གསར་འགྱུར་ཆེན་པོ་བཅུ་དང་ལོ་འཁོར་གྱི་ཁྲིམས་སྐྱོང་མི་སྣའི་དཔྱད་འདེམས་མཇུག་འབྲས་དེ་པེ་ཅིང་དུ་ཡོངས་བསྒྲགས་བྱས་པ་རེད། ཐོག་མཐའི་དཔྱད་འདེམས་ཨུ་ལྷན་གྱི་འོས་སྦྱོར་དང་དཔྱད་འདེམས་གོ་རིམ་བརྒྱུད།སྔར“9.5”ལྕགས་ཟམ་ཁའི་ས་འགུལ་དུ་མི་ཁྲི་སྟོང་མང་པོར་ཡིད་འགུལ་ཐེབས་སུ་འཇུག་མཁན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཁྱད་ལྡན་ཉེན་རྟོག་ཡན་ལག་རུ་ཁག་གི་རིམ་བཞི་ཉེན་རྟོག་པ་ཆིན་ཞའོ་ཆང་ལོ་འཁོར་གྱི་ཁྲིམས་སྐྱོང་མི་སྣར་བདམས་ཐོན་བྱུང་བ་རེད། འདི་ནི་ཁོས“ཡིད་འགུལ་ཐེབས་པའི2022ལོ་འཁོར་གྱི་དྲ་བའི་མི་སྣ་ཆེན་པོ་བཅུ་དང་།”“ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས།” “སི་ཁྲོན་གྱི་མི་བཟང་།”དཀར་མཛེས་ཁུལ་གྱི“ཕུལ་བྱུང་གཞུང་ཞབས་པ”སོགས་ཀྱི་མཚན་སྙན་ཐོབ་རྗེས་སླར་ཡང་ཐོབ་པའི་གུས་ལུགས་ཀྱི་མིང་བཏགས་གསར་པ་ཞིག་རེད།

   ཆིན་ཞའོ་ཆང་ནི་དཀར་མཛེས་ཁུལ་ཁྱད་ལྡན་ཉེན་རྟོག་ཡན་ལག་རུ་ཁག་གི་ཁོངས་མི་ཞིག་ཡིན།2022ལོའི་ཟླ་བ9པའི་ཚེས5ཉིན། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། ཆིན་ཞའོ་ཆང་དང་འཐབ་གྲོགས་ཚོས་མྱུར་དུ་ཉེན་ཁ་ཆེ་སར་བསྐྱོད་པ་དང་། སྔ་རྗེས་སུ་ས་འགུལ་བྱུང་སའི་ལྟེ་གནས་འབོ་ཞབས་གྲོང་རྡལ་དུ་བསྐྱོད་ནས་རོགས་སྐྱོབ་བྱས་པ་རེད། ཆིན་ཞའོ་ཆང་གིས་བསྟུད་མར་ཆུ་ཚོད13ལ་འབད་འཐབ་བྱས་ཤིང་།འཕྲོར་ལུས་ས་འགུལ་བྱུང་བ་དང་རྡོ་ཧྲུག་ཤིང་ཆག་ལྷུང་བར་མ་འཛེམས་ནས་རྡིབ་ཞབས་སུ་སོང་བའི་མང་ཚོགས3བསྐྱབས་པ་རེད།སྤྱི་ཟླ9པའི་ཚེས6ཉིན་གྱི་ཞོགས་པར། གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གུར་འབུབས་བཞིན་ཡོད་པའི་ཆིན་ཞའོ་ཆང་གིས་གློ་བུར་དུ་འབྲེལ་བ་ཆད་སོང་བའི་རང་གི་ཨ་ཕ་དང་སྲིང་མོ་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་པའི་གནས་ཚུལ་ཤེས་པ་དང་།ཁྱིམ་དུ་ལོག་ནས་འདས་མཆོད་བསྒྲུབས་རྗེས་ཁོས་མིག་ཆུ་ཕྱིས་ནས་མུ་མཐུད་དེ་མྱུར་སྐྱོབ་ལས་ཀར་ཞུགས་པ་རེད།།


བདེ་ཆེན་གྱིས་བསྒྱུར།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:དགའ་སྐྱིད་འཛོམས་པའི་བོད་ལོ་སར།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲང་ཡུང་ལི་ལ་ཐུག་འཕྲད་མཛད།
  • དོ་སྣང་ཆེ་བའི་རྩོམ།