རང་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་འཕེལ་རྒྱས་གསར་པ་བྱུང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-27

2022ལོར་རང་ཁུལ་གྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཤུགས་ཆེན་བྱས་ནས་དཔལ་འབྱོར་བརྟན་པོ་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ཤུགས་ཡོད་རྒུས་དཔལ་འབྱོར་ཧུར་ཐག་བསྒྲུབས་པ་དང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་བརྟན་པོའི་ངང་འཕར་བར་བསྐུལ་ནས་སྒོར་དུང་ཕྱུར2ཀྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བསྒྲལ་ཡོད་པ་རེད།

ཁུལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། 2022ལོའི་ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་ཁུལ་ཡོངས་སུ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར2.12ལ་ཟིན་ཞིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ30.5འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང14པར་སླེབས་ནས2021ལོ་ལས་ཨང3འཕར་བ་དང་ཞིང་ཆེན་གྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས་ཀ12.5འཕར་ཡོད།

ཉོ་ཚོང་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་ཚོང་དོན་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1.29ཡིན་ཞིང་རང་ཁུལ་ཕྱི་ཕྱོགས་ཚོང་དོན་བསྡུར་གྲངས་ཀྱི་བརྒྱ་ཆ60.8ལ་ཟིན་པ་དང་། ཉོ་ཚོང་བྱེད་སྟངས་གཞན་དག་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར0.83ཡིན་ཞིང་། ལོ་གོང་མར་རང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་བསྡུར་གྲངས་ཀྱི་བརྒྱ་ཆ0.03ནས39བར་འཕར་བ་དང་ལས་རྣམ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཀྱི་མཚོན་ཚུལ་འཁྲུག་ཆ་དོད་པ་དང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར2.11ཡིན་ཞིང་རང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་བསྡུར་གྲངས་ཀྱི་བརྒྱ་ཆ99.5ལ་ཟིན་ཡོད།

རྒྱལ་སྤྱིའི་“གྲོགས་ཚོམས་”རྒྱུན་ཆད་པར་རྒྱ་སྐྱེད་དུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་རྒྱལ་ཁབ(ས་ཁུལ)21དང་ཚོང་དོན་འབྲེལ་བ་བཙུགས་ནས་མཉམ་ལས་རྒྱལ་ཁབ11གསར་དུ་བསྣན་ཡོད། RCEPཁོངས་མིའི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1.76ལ་ཟིན་ནས་བརྒྱ་ཆ49.2འཕར་ཡོད། “རྒྱུད་གཅིག་ལམ་གཅིག་”ཁྱབ་ཁོངས་རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1.93བྱས་ཤིང་། བརྒྱ་ཆ38.8འཕར་ཡོད། ཕྱི་ཕྱོགས་ཉོ་འཚོང་ཁྲོམ་ར་སྔར་བས་སྣེ་མང་ཅན་དུ་གྱུར་པ་དང་། འཕར་གཞི་གསར་པ་གང་མགྱོགས་ཆགས་ཡོད།

རྫོང(གྲོང་ཁྱེར་)ཁག་ཅིག་གི་ཕྱིར་གཏོང་ནང་འདྲེན་འཕར་སྣོན་མགྱོགས་པོ་བྱུང་ཡོད། ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར། ལི་ཐང་དང་བརྒྱད་ཟིལ། ཕྱག་ཕྲེང་། ཉག་ཆུ། ལྕགས་ཟམ། དར་མདོ། དཀར་མཛེས། བྲག་མགོ་རྫོང(གྲོང་ཁྱེར)བཅས་རྫོང་དགུའི་ཕྱིར་གཏོང་ནང་འདྲེན་ལ་གྲུབ་འབྲས་ཐོབ་ཡོད། དེའི་ནང་ལི་ཐང་དང་བརྒྱད་ཟིལ། རྟའུ་རྫོང་གསུམ་གྱི་ན་ནིང་དུས་མཉམ་ལས་བརྒྱ་ཆ100ཡན་འཕར་བ་དང་། དཀར་མཛེས་དང་། ཕྱག་ཕྲེང་། ཉག་ཆུ་བཅས་རྫོང་གསུམ་གྱི་ན་ནིང་གི་དུས་མཉམ་ལས་བརྒྱ་ཆ50ཡན་འཕར་ཡོད། རྟའུ་རྫོང་གི་ཕྱིར་གཏོང་ནང་འདྲེན་ཐོག་མར་བྱེད་ཐུབ་ཡོད། ལི་ཐང་དང་བརྒྱད་ཟིལ། ཕྱག་ཕྲེང་། ཉག་ཆུ། ལྕགས་ཟམ། དར་མདོ་བཅས་རྫོང(གྲོང་ཁྱེར)6གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་སྟོང་ལས་བརྒལ་ཡོད། ཞིང་ཆེན་རིམ་པའི་ཚུལ་སྒྱུར་རྟེན་གཞི་གནས་སའི་ལི་ཐང་རྫོང་གི་ཕྱིར་གཏོང་ནང་འདྲེན་གྱི་གྲངས་གཞི་ཁུལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བསྡུར་གྲངས་ཀྱི་བརྒྱ་ཆ52བཟུང་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲང་ཡུང་ལི་ལ་ཐུག་འཕྲད་མཛད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།