དྲིན་ཕ་མ་དགུང་གི་ཉི་ཟླ་ཡིན།

ཁྲག་གདོང་།        2023-02-27

བརྩེ་བའི་འཛུམ་གྱིས་རྟག་ཏུ་དྲོད་ཁོལ་སྦྱིན།།

བྱམས་པའི་ཞེ་ཡིས་བདེ་བའི་ལམ་དུ་བཀོད།།

ཞལ་དབྱངས་དྲོན་མོ་རྒྱུན་པར་བུ་ལ་ཕྱོགས།།

ཡབ་ཡུམ་གཉིས་ཀ་སྲོག་ཐག་རིང་བར་སྨོན།།

རྒྱང་རིང་ཡུལ་ནས་ཞལ་གསུང་དྲོན་མོ་ཐོས།།

ཐོས་པའི་བུ་ལ་དགའ་བདེའི་སྣང་བ་གནང་།།

གནང་བས་མ་ཚད་ལུས་སེམས་དྲོད་ཀྱིས་ཁྱབ།།

ཁྱབ་པ་ཡོངས་རྫོགས་དྲིན་ཆེན་ཕ་མའི་དྲིན།།

བས་མཐའི་ཞིང་ནས་ཕ་མ་དྲན་ཐེངས་མང་།།

ཕ་མའི་བྱམས་སྐྱོང་སེམས་སུ་ནམ་རྒྱུན་ཉར།།

དྲིན་ཆེན་ཚོགས་ལས་ཕ་མ་ཅི་འདྲའི་མཛེས།།

མཛེས་པའི་ཕ་མ་ལུས་བདེ་ཐུགས་སྐྱིད་སྨོན།།

མཛའ་བརྩེ་ཟབ་མོས་རིང་པོའི་དུས་ནས་སྐྱོང་།།

འཛུམ་མདངས་རེ་རེས་ལོ་ཟླ་ལོ་ཡིས་བཟུང་།།

དྲིན་གྱི་ཡབ་ཡུམ་སེམས་ཀྱིས་བརྗེད་པ་ཟད།།

ནད་རྣམས་མེད་ཅིང་ཚེ་སྲོག་བརྟན་གྱུར་ཅིག།

ངེད་ཅག་དོན་དུ་ཡུན་རིང་དུས་ནས་རྒྱུགས།།

དཀའ་ངལ་ཚོགས་ཀྱིས་ཞེ་ལུས་རྒས་པ་འདི།།

དྲིན་ཆེན་ཁྱེད་ཀྱིས་ཚེ་འདིའི་བྱ་གཞག་ཀུན།།

བརྗེད་དུ་བྲལ་བ་བདག་གི་དམ་བཅའ་ཡིན།།

  • ལེ་ཚན་སྔོན་མ།:ལོ་གཡང་གི་མཆོད་པ།
  • ལེ་ཚན་རྗེས་མ།:ཨ་མ་དང་འབྲུ་དྲུག་བར་གྱི་མགུར་མ།