ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར260ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ།

ལྷ་འཛོམས་ཀྱིས་བསྒྱུར།        2023-03-01

      2023ལོ་ནས་བཟུང་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་རིགས་ཁག་གི་དངུལ་བུན3400ལྷག་ཙམ་བཏང་བ་དང་དངུལ་བསྡོམས་འབོར་སྒོར་དུང་ཕྱུར8.70ལ་ཟིན་ཞིང་། ཡིད་རྟོན་དངུལ་བུན་བཏང་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་འགོ་ཡག་མོ་བརྩམས་པ་རེད། ད་བར་དངུལ་ཁང་དེའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར260ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར262.53ལ་ཟིན་ཡོད། དངུལ་ཁང་བཙུགས་པ་ནས་བཟུང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ལ། 2023ལོའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་གདོང་མཆོང་དུང་བརྡ་ཀྱང་བཏང་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:སློབ་གསོའི་ཐད་དམངས་ལ་ཕན་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་མི་འདང་ས་ཁ་གསབ་དགོས།
  • ལེ་ཚན་རྗེས་མ།:ད་ལོར་ལི་ཐང་རྫོང་གིས་འགྲན་པ་བཞི་ཡིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10