ད་ལོར་ལི་ཐང་རྫོང་གིས་འགྲན་པ་བཞི་ཡིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱ་རྒྱུ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-03-01

ད་ལོར་ལི་ཐང་རྫོང་གིས་འགྲན་པ་བཞི་ཡིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱ་རྒྱུ།
ལི་ཐང་དེང་རབས་ཞིང་ལས་ལས་སྣོན་བཟོ་གྲྭ།

ཉེ་ཆར། ལི་ཐང་རྫོང་ཨུ་དཔལ་འབྱོར་ལས་དོན་དང་ཞིང་སྡེའི(ཡུལ་སྡེ་དར་རྒྱས)ལས་དོན་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལི་ཐང་རྫོང་གིས་འགྲན་པ་བཞི་ཡིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱ་རྒྱུ་རེད།

ཐོན་ལས་འགྲན་ནས་ཤུགས་ཆེན་པོས་ཐོན་ལས་ཆེན་པོ་བཞི་ཡི་མ་ལག་འཛུགས། རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐད1234རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་བབ་མུ་མཐུད་དེ་རྒྱུན་བསྐྱངས་ནས། དངོས་མང་བཤམས་སྟོན་ཁང་ཆུང་ངུ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཉམས་ལེན་ཁྱུ་ཚོགས། རིག་གནས་སྤུས་རྟགས་ཀྱི་ལས་སྒོའི་རྣམ་པ་བཅས་བཏོད་དེ་བརྒྱད་པའི་ཚེས་གཅིག་གི་རྟ་རྒྱུག་སོགས་ཀྱི་འགྲན་བསྡུར་བྱེད་སྒོ་ཡག་པོ་སྤེལ་ནས། རྒྱལ་ཁབ་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དང་སི་ཁྲོན་ཡུལ་སྐོར་གྲགས་ཅན་རྫོང་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་དགོས། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད། སྐྱེ་ལྡན་ཁུལ་སྐྲུན་པ་སྣེ་འདྲེན་བྱ་རྒྱུ་མུ་མཐུད་དེ་དམ་འཛིན་དང་། གླིང་གཅིག་དང་ཁུལ་གསུམ་གྱི་འཕེལ་རྒྱས་བཀོད་སྒྲིག་བྱེད་ཚུལ་གྱི་དེང་རབས་ཞིང་ལས་གླིང་ཁུལ་གྱི་ཁྱབ་ཁྱོན་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་གཞིར་བཟུང་ནས། ལི་ཐང་ནོར་གནག་དང་མཐོ་སྒང་གི་ལ་ཕུག་དཀར་པོ། ཞོག་ཁོག་རྟེན་གཞི། ཕྱུགས་རྩྭ་སྤུས་ལེགས། ཀྲུང་ཧྭའི་སྦྲང་རྩི་བཅས་ཐོན་ལས་ལྔ་དར་རྒྱས་གཏོང་བའི་བྱ་སྤྱོད་འཚོལ་ཞིབ་བྱ་དགོས། རྟེན་གཞིའི་ཤིང་འབྲས་དང་མཁའ་དབྱིངས་འབྲོག་རའི་ས་ཁོངས་ཀྱི་སྤུས་རྟགས་ཤུགས་ཆེན་སྤེལ་བ་དང་། ནོར་གནག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གནས་མཆོག་དཀར་མཛེས་ཁུལ་གྱི་ནོར་གནག་ལས་སྣོན་ཞིབ་འཇུག་གསར་སྤེལ་ལྟེ་གནས་སྐྲུན་པ། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ཀྱི་སྦྲེལ་ཐག་ཚད་གཞི་ཅན་གྱི་དཔེ་སྟོན་རྟེན་གཞི་དང་མཐོ་སྒང་སྐྱེ་ཁམས་དེང་རབས་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་གླིང་བཅས་ཧུར་ཐག་གིས་འཛུགས་སྐྲུན་བྱ་དགོས། དེང་རབས་ཀྱི་ཚོང་དོན་ཞབས་ཞུའི་ཐད་ནས་ཁམས་ལྷོ་གཞུང་ལམ་དང་མཁའ་ལམ་ཟོང་འགྲེམས་ཁུལ་སྐྲུན་པའི་ལས་གཞི་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གློག་རྡུལ་ཚོང་དོན་གྱི་བྱ་གཞག་གསར་སྐྲུན་གསར་གཏོད་ཀྱི་གསོ་སྐྱོང་གླིང་རིམ་སྤོར་དང་གྲོང་ཁུལ་གཙོ་བོའི་ཚོང་ལས་ལྟེ་གནས་སྒྱུར་བཀོད་དང་རིམ་པ་སྤར་ནས་ཁུལ་གསར་ཚོང་ལས་ལྟེ་གནས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཁམས་ལྷོའི་ཚོང་དོན་ཟོག་འགྲེམས་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་བ་དང་། ཁམས་ལྷོའི་ཚོང་དོན་ཟོག་འགྲེམས་རྟེན་གཞི་མགྱོགས་མྱུར་བསྐྲུན་ནས་ལི་ཐང་ཁམས་ལྷོའི་མངའ་ཁུལ་གྱི་ཟོག་འགྲེམས་ལྟེ་གནས་དང་ཚོང་དོན་ལྟེ་གནས་སུ་བསྐྲུན་དགོས། ནུས་རྒྱུ་གཙང་མའི་ཐད་སྐྱེ་ཁམས་སྲུང་སྐྱོང་གི་རྩ་དོན་དང་པོ་མཐའ་འཁྱོངས་ཏེ་ཁྲ་མ་རི་མདོང་གི་ཆུ་བེད་ལས་གྲྭ་དང་མཆོག་རོང་མདོ་གློག་འདོན་ས་ཚུགས་འཛུགས་པར་དམ་འཛིན་བྱ་དགོས།

ལས་གཞི་འགྲན་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། ལས་གཞི་བསྐྱར་བསྐྲུན་ནུས་པ་ཁྱོན་ཡོངས་ནས་བཏོན་ཏེ་མ་དངུལ་སྒོར་ཁྲི500ཡན་བཏང་བ་དང་ཁ་གཏད་རོགས་སྐྱོར་གྱི་འཛུགས་སྐྲུན་ལས་གཞི་ཚང་མ་གཙོ་གནད་ལས་གཞིའི་སྐུལ་འདེད་ཁྱབ་ཁོངས་ནང་བཅུག་ནས། གཙོ་གནད་ལས་གཞིའི་ཆེད་ལས་འཛིན་གྲྭ་གཅིག་དང་ལས་གཞི་གཅིག་ལ་ཇུས་གཞི་གཅིག། ལམ་སྲོལ་གཅིག་བཅས་ཀྱི་ལས་ཀའི་བཀོད་བབ་ཆགས་པ་བྱས་ནས་གྲ་སྒྲིག་ལེགས་པོ་དང་འགུལ་རྣམ་དོ་དམ་བྱ་དགོས། ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་མཐུན་སྦྱོར་གཞོགས་འདེགས་ཡག་པོ་བྱས་ནས་རྒྱལ་སྲུང་གཞུང་ལམ318སྒྱུར་བཀོད་རིམ་སྤོར་དང་རྒྱལ་སྲུང་གཞུང་ལམ549སྒྱུར་བཟོ། རྒྱལ་སྲུང་གཞུང་ལམ459སྒྱུར་བཟོ། ཞིང་ཆེན་གཞུང་ལམ567བཅས་ཀྱི་ལས་གཞི་ལག་བསྟར་མགྱོགས་སུ་བཏང་སྟེ་ལི་ཐང་གཅིག་སྡུད་སྨན་བཅོས་གླིང་དང་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན། སོལ་རླངས་མཁོ་འདོན་སོགས་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལི་ཐང་རྫོང་སློབ་འབྲིང་གསུམ་པ་སྟོན་དུས་སློབ་བསྡུ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།

ཞབས་ཞུ་འགྲན་ནས་ཚོང་འགུགས་རྣམ་པ་དང་ཚོང་གཉེར་གྱི་ཁོར་ཡུག་ཡག་ཤོས་ཤུགས་ཡོད་རྒུས་གཏོད་དགོས། སྤྱི་ཚོགས་བརྟན་ལྷིང་ལ་མུ་མཐུད་དེ་ཤུགས་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་དགོས། ངོ་མི་འཕྲད་པ་གཉིས་དང་དུས་བཀག་གཞུང་དོན་གསུམ་སྒྲུབ་ཀྱི་ལམ་ལུགས་མུ་མཐུད་དེ་དོན་འཁྱོལ་བྱས་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། སྒོ་དབྱེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས། ཨང་ཀིའི་ལི་ཐང་སྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་དྲྭ་གཅིག་སྒྲུབ་གཉེར་དང་དྲྭ་གཅིག་དོ་དམ། དྲྭ་གཅིག་ཉོ་སྒྲུབ། དྲྭ་གཅིག་རོལ་རྩེད་སོགས་དྲྭ་བ་མང་པོ་གཅིག་ཏུ་སྒྲིལ་རྒྱུར་བསྐུལ་ནས་དུས་བཀག་ནང་ལས་བྱེད་པས་དོན་དག་ཐག་གཅོད་པ་དང་། མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་པ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས།

ཤེས་ལྡན་མི་སྣ་འགྲན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཤུགས་ཡོད་རྒུས་སྐྱེད་སྲིང་བྱ་དགོས། ཤེས་ལྡན་མི་སྣ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་པ་དང་། ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་འཕེལ་རྒྱས་ཀྱི་འགུལ་ནུས་མུ་མཐུད་དེ་ཆེ་རུ་གཏོང་བ། དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས“ནང་འདྲེན”དང་དོན་དངོས་ལ་གཞི་ཚུགས་ནས“གསོ་སྐྱོང”བྱེད་པ། བསམ་བློ་བཅིངས་འགྲོལ་དང་བློ་ཁོག་ཆེན་པོས“བེད་སྤྱོད།” ཐབས་ཤེས་གང་ཡོད་ཀྱིས“ཕྱིར་མི་ཤོར”བཅས་བྱས་ནས་ཤེས་ལྡན་མི་སྣ་ནང་འདྲེན་གསོ་སྐྱོང་དང་བཀོལ་སྤྱོད་སོར་འཇོག་གི་ཡུན་ཕན་ལམ་སྲོལ་འཚོལ་ཞིབ་ཡག་པོ་བྱ་དགོས། མཐོ་གྲོང་གི་ཤེས་ལྡན་མི་སྣའི་བྱང་བུའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ལི་ཐང་རྫོང་གི་ཤེས་ལྡན་མི་སྣའི་ལྕག་སྐུལ་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ། ཤེས་ལྡན་མི་སྣ་རྫོང་འཛུགས་སྐྱོང་མགྱོགས་སུ་གཏོང་བ་བཅས་བྱ་དགོས། དུས་རབས་གསར་པའི་ལས་བྱེད་པའི་ཚད་གཞི་ཡག་པོ་དང་ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་མཐའ་འཁྱོངས་དང་། ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྱོང་། ཡུལ་སྡེ་དར་རྒྱས། ལས་གཞི་གལ་ཆེན་འཛུགས་སྐྲུན། དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ཁོར་ཡུག་གི་འཐབ་ཕྱོགས་དང་པོ་བཅས་ལ་དམ་པོར་དམིགས་ནས་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ལས་བྱེད་པ་གསོ་སྦྱོང་དང་འདེམས་སྒྲུག་བྱ་དགོས། ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་ལེགས་པར་བྱེད་ཅིང་དྲང་ཕྱོགས་ནས་སྐུལ་མ་གཏོང་བ་དང་ནོར་འཁྲུལ་ཤོར་རུང་ཡོ་བསྲང་བྱེད་པའི་ཐབས་ཤེས་རབ་དང་རིམ་པ་དོན་དུ་འཁྱོལ་བ་བྱ་དགོས། དར་ཆ་གསལ་སྒྲེང་གིས་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་ཏན་ཏིག་སྒྲུབ་པ། གཞུང་དྲང་སྤྱོད་གཙང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་པ། ལས་དོན་ངོ་མ་སྒྲུབ་འདོད་པ་དང་ལས་དོན་ངོ་མ་སྒྲུབ་པ། ལས་དོན་སྒྲུབ་ཐུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཤུགས་ཆེན་པོས་བསྐྲུན་ནས་ལི་ཐང་འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཏན་ཏིག་བྱ་དགོས་སོ།།

  • ལེ་ཚན་སྔོན་མ།:ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར260ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་དུས་ཚིགས་དང་པོར་དཔལ་འབྱོར་འཕེལ་ཐབས་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10