དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།

བློ་བཟང་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།        2023-02-28

   

དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།

    སྤྱི་ཟླ2པའི་ཚེས24སྟེ་བོད་རབ་རྒྱན་ཆུ་ཡོས་ལོའི་ལོ་སར་ཚེས་གསུམ་ཉིན་ལ། དཀར་མཛེས་རྫོང་རོང་པ་ཚ་སྡེ་ཁུལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ1300ལྷག་ནམ་སྔ་མོ་ནས་འདན་མ་གྲོང་རྡལ་རྟ་རྒྱུག་ཐང་དུ་འཛོམས་ནས་གྲེ་འགྱུར་སྙན་མོའི་གཞས་དབྱངས་ཉན་བཞིན་རྟ་རྒྱུག་འགྲན་བསྡུར་ལ་སྒུག་འདུག།

དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།
དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།

     སྔ་དྲོའི་དུས་ཚོད10པར། ཚོན་མདོག་སྣ་ལྔའི་དར་ཆ་རྟ་རྒྱུག་ར་བའི་གཡས་གཡོན་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། རྒྱན་གྱིས་ཕྱུག་པའི་རྟ་རྒྱུག་དཔུང་ཁག་རིམ་བཞིན་རྒྱལ་དར་རུ་ཁག་གིས་སྣེ་ཁྲིད་འོག་འགྲན་རར་བསྐྱོད་པ་དང་ཆབས་གཅིག་ཏུ་བྱེད་སྒོ་སྤེལ་འགོ་ཚུགས།

དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།

     ཐེངས་འདིའི་རྟ་རྒྱུག་ནི་འདན་མ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ལ་རྟ་རྒྱུག་གི་ལྟད་མོ་གྱ་ནོམ་པ་ཞིག་བཤམ་པའི་ཆེད་དུ་གཉེར་བ་དང་། རྟ་རྒྱུག་ལ་དགའ་མཁན150ཡིས་རང་རང་གི་རྟ་བང་ཁ་ཅན་ཁྲིད་དེ་འགྲན་བསྡུར་ལ་ཞུགས་ཡོད། 

དཀར་མཛེས་རྫོང་གིས་བོད་ལོ་སར་ལ་རྟ་རྒྱུག་བྱེད་སྒོ་སྤེལ།

བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་རྟ་མཆོག་གི་རྨིག་སྒྲ་དང་ངར་སྒྲ། སྐྱ་མི་དང་ལྟད་མོ་བའི་དགའ་འབོད་ཀྱིས་ཡོངས་སུ་ཁེངས་ཤིང་། བོད་ལོ་སར་གྱི་དགའ་སྐྱིད་རྣམ་པ་ལྷག་ཏུ་མངོན་ཡོད།།

 


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ལས་གཞི་འདི་དག་ལས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་སྐོར་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།