མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།

བདེ་ཆེན་གྱིས་བསྒྱུུར།        2023-03-01

   མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།

    2023ལོའི་ལོ་འགོར་དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོན་ཁུངས་ཀྱི་ལེགས་ཆ་མངོན་ཞིང་ཐོན་ལས་དམ་འཛིན་བྱས་ཏེ། དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གི་གློག་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས་བསྐྲུན་པར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ལས་འགོ་བསྐྱར་དུ་ཚུགས་རིང་གི་ལས་གཞིའི་དུས་མཚམས་དང་པོར“ཆུ། གློག། ལམ། འཕྲིན་ཡོད་པ་དང་ས་ཁོད་སྙོམས་པ”ཡི་ལས་ཀ་སྒྲུབ་བཞིན་པའི་སྒང་རེད།

མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།

    འཛུགས་སྐྲུན་ཡུལ་དངོས་ཀྱི་ས་ཁོངས་ཧྲིལ་པོ་དབྱེ་མཚམས་ཕྱེ་ཟིན་ཞིང་། ཨར་ལས་མི་སྣ་དང་ཨར་ལས་ཡོ་བྱད་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁོད་སྙོམས་པ་ཕུད་དུས་མཚམས་དེར་ད་དུང་ལས་ཡུལ་གྱི་ཆུ་དང་གློག། ལམ། འཕྲིན་བཅས་གཏོང་ཐུབ་པ་རེད།

མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།

   རྒྱལ་ཁབ་གློག་དྲྭ་སི་ཁྲོན་གློག་ཤུགས་གློག་གཏོང་གློག་སྒྱུར་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་ལས་གཞི་གཉེར་དཔོན་ཀྲང་ཞའོ་ཧུང་གིས་བཤད་དོན། ང་ཚོས་ད་ལྟར་སྐྲུན་བཞིན་པ་ནི་དཀར་མཛེས་ཁུལ་གྱི་གློག་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས་ཀྱི་ལས་གྲྭ་གསར་པའི“ཆུ། གློག། ལམ། འཕྲིན་ཡོད་པ་དང་ས་ཁོད་སྙོམས་པ”ཡི་ལས་གཞི་ཡིན་ཞིང་། ད་ལྟར་ཨར་ལས་བྱེད་བཞིན་པ་ནི་ས་རྡོ་བརྐོས་པ་བསྐྱར་དུ་ཁོད་སྙོམས་བྱེད་བཞིན་པ་ཡིན་པས། སྔོག་དཔག་བྱས་ན་ད་ལོའི་སྤྱི་ཟླ5པའི་ཚེས25ཉིན་རྩིས་སྤྲོད་བྱ་རྒྱུ་དང་། གོམ་སྟབས་རྗེས་མར་ཨར་ལས་གཙོ་བོ་སྐྲུན་འགོ་ཚུགས་རྒྱུ་ཡིན།

མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།

     འགག་པ་ཡུལ་ཤོག་ལི་ཆུ་གྲོང་སྡེར་ཆགས་པའི་དཀར་མཛེས་ཁུལ་གྱི་གློག་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས་དེ་དར་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ78ཡོད་པ་དང་། སི་ཁྲོན་དང་ཁྲུང་ཆིང་གི་གློག་རྒྱུག་མཐོ་གནོན་ཆེ་ཤོས་ཀྱི་ལས་གྲྭའི་གློག་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས4གསར་སྐྲུན་ལས་འགོ་བྱེད་སའི་ས་ཚུགས་ཡིན་ཞིང་། དེ་ནི་སི་ཁྲོན་ཞིང་ཆེན་ནང་ཁུལ་དུ་བསྐྲུན་པའི་གློག་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས་ཐོག་མའི་གྲས་ཤིག་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེ2022ལོའི་ཟླ་བ11པའི་ཚེས15ཉིན་དངོས་སུ་འགོ་བཙུགས་པ་དང་། སྔོན་དཔག་བྱས་ན2025ལོའི་སྤྱི་ཟླ6པའི་ཚེས30ཉིན་བསྐྲུན་ཚར་རྒྱུ་ཡིན་ཞིང་། ལས་གཞི་ཡོངས་ཀྱི་རྒྱ་ཁྱོན་མུའུ355.2ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་དུས་ཚིགས་དང་པོར་དཔལ་འབྱོར་འཕེལ་ཐབས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།