ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཞིང་ཆེན་ནོར་སྲིད་ཐིང་དུ་ལས་དོན་བཞུགས་མོལ་གནང་བར་ཕེབས།

བདེ་སྐྱིད་ཀྱིས་བསྒྱུར།        2023-03-06

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གཉིས་ཀྱིས་ཞིང་ཆེན་ནོར་སྲིད་ཐིང་གི་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་ཁྲེན་ཧྲུའུ་ཕིང་དང་བཞུགས་མོལ་མཛད་ནས་ནོར་སྲིད་ཀྱི་འགན་ལེན་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་སྔར་བས་ཤུགས་བརྒྱག་རྒྱུར་དམིགས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་རྒྱུར་སྤེལ་རེས་མཛད་པ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་དེ་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེས་ཆེ་ཞུས་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཕྱིན་ཚུལ་ངོ་སྤྲོད་བྱས་པ་རེད། ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དང་དམངས་འཚོའི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པར་གྲུབ་འབྲས་གསར་པ་ཐོབ་ཡོད་པ་སྟེ། ཞིང་ཆེན་ནོར་སྲིད་ཐིང་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་རོགས་རམ་དང་ཁ་འབྲལ་ཐབས་མེད། ད་ཆ་དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ནས། ཞིང་ཆེན་ཏང་ཨུའི་སྤྱིའི་སྣེ་ཁྲིད་དང་སྤྱིའི་གཞི་འཛིན་ས། སྤྱིའི་བསམ་གཞི་དང་འཐབ་ཇུས་བཀོད་སྒྲིག་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་གང་མགྱོགས་བསྐྲུན་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཞིང་ཆེན་ནོར་སྲིད་ཐིང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་སོགས་ལ་སྔར་རྒྱུན་བཞིན་དོ་ཁུར་དང་། ན་ལོའི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་འགྲིམ་འགྲུལ་འཛུགས་སྐྲུན། ནུས་རྒྱུ་གསར་སྤེལ་སོགས་ཐད་ལ་སྲིད་ཇུས་མཛུབ་ཁྲིད་དང་མ་དངུལ་རྒྱབ་སྐྱོར་བྱས་ནས་དཀར་མཛེས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁྲེན་ཧྲུའུ་ཕིང་གིས་ཞིང་ཆེན་ནོར་སྲིད་ཐིང་གིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་ནས་དོ་ཁུར་ཆེན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:མཚོ་འཕགས་ཆེས་མཐོ་བའི་གློག་སྒྱུར་ས་ཚུགས་དར་མདོར་སྐྲུན་བཞིན་ཡོད།
  • ལེ་ཚན་རྗེས་མ།:ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།