ཨོ་རྒྱན་གྱིས་བསྒྱུར། 2023-03-02
དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིར་གནས་ཚུལ་བརྡ་ཁྱབ་བཏང་ནས་བསམ་འཆར་ཉན།
ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་གྲོས་མོལ་ཚོགས་འདུ་འཚོགས།
ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་ཚོགས་འདུར་ཞུགས།
སྤྱི་ཟླ2པའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་དམངས་གཙོའི་གྲོས་མོལ་ཚོགས་འདུ་འཚོགས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མཚན་ཐོ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མཚན་ཐོ། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིར་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་བསམ་འཆར་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་ཀར་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། དབང་བའི་ལམ་ལུགས་མཉམ་བསྲེས་ཀྱི་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་བསྣན་པ།ལས་རིགས་མཐུན་ཚོགས་དང་།སློབ་ཚོགས།ཚོང་ཚོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དོ་དམ་སྒྲིག་སྲོལ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཆེད།ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་དང་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིའི(འཆར་ཟིན)》གྲུབ་པ་རེད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་རྒྱལ་ཁབ་ཀྱི་སྒྲིག་གཞིའི་སྒྱུར་བཅོས་ཀྱི་ནང་དོན་ཁག་གཅིག་ཁྲིམས་བཀོད་གོ་རིམ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། སྤྱིའི་ཆ་ནས་བལྟས་ན།ད་ཐེངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱེད་པར་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་དང་།དམིགས་སའི་རང་བཞིན་ཅུང་ཆེ་བ།ཤུགས་ཚད་ཅུང་ཆེ་བ།ཁྱབ་ཁྱོན་ཅུང་ཆེ་བ།ཁེ་ཕན་དང་འབྲེལ་བ་ཟབ་མོ་ཡོད་པ།གནད་དོན་གལ་ཆེན་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་འགའ་ཞིག་ཐག་གཅོད་བྱེད་པར་ཤུགས་རྒྱག་པ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོག་ཉེར་ཡོད། སྐབས་གསར་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣ་འདེམས་ཐོན་བྱ་རྒྱུ་ནི་ཐེངས་འདིའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་མི་དོན་བཀོད་སྒྲིག་ལས་ཀར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་གྲོས་དང་བསམ་འཆར་ཉན་འཇོག་གནང་བ་རེད། གྲ་སྒྲིག་བྱེད་རིང་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མི་བདམས་ཐོན་བྱེད་སྟངས་སྐོར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱ་དགོས་པར་ཚང་མས་ངོས་འཛིན་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་།མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པ།ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་བསྣན་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ།ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་ལྷག་བསམ་རྣམ་དག་དང་།སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་གཙང་གི་འགག་སྒོ།གཟུགས་བརྙན་གྱི་འགག་སྒོ་བཅས་ནན་སྲུང་བྱ་དགོས། བསམ་འཆར་ཉན་འཇོག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འོས་མིའི་ཆ་རྐྱེན་དང་། ཕྱོགས་གང་ཅིའི་གྲུབ་ཚུལ་གྱི་བླང་བྱ་དང་ལས་ཀའི་དགོས་མཁོར་ཁྱོན་ཡོངས་ནས་བསམ་གཞིགས་བྱས་ཏེ། གྲོས་འགོའི་མིང་ཐོ་བཏོན་པར་མ་ཟད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་གནང་བྱར་ཕུལ་ཡོད།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ད་ཐེངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ལ་བསམ་ཤེས་གཏིང་ཟབ་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་སྒྱུར་བཅོས་ཇུས་གཞིའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཚོགས་ཆེན་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཐོག་ཚོགས་ཆེན་གཉིས་དེ་དམངས་གཙོ་མཐུན་སྒྲིལ་དང་། སེམས་ཤུགས་གཅིག་སྒྲིལ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གནས་བབ་གསལ་རྟོགས་དང་། ཡིད་ཆེས་བརྒྱུད་སྤྲོད་བྱས། རྒྱ་ཆེ་བའི་ཁོངས་མི་དང་འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ། དམིགས་ས་ཡོད་པའི་སྒོ་ནས་དོགས་སེལ་དང་སློབ་གསོ་ཁྲིད་སྟོན་ཡག་པོ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་སྒྲུབ་ཕྱིར་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱ་དགོས།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི།དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལི་ཝུའེ་སོགས་ཀྱིས་གཏམ་བཤད་གནང་བ་རེད། ཁོ་ཚོའི་བསམ་པར། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་དང་། རྒྱལ་ཁབ་ཀྱི་ལས་ཁུངས་སྐབས་གསར་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མཚན་ཐོ། ཚང་མ་ནི་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་དང་། ནང་གྲོས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་ཡིན་ཞིང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་མཚོན་པ་དང་།དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པས། བློ་ཐག་རྦད་བཅད་ཀྱིས་བརྩི་བཀུར་ཞུ་རྒྱུ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་སྤེལ་དང་། དམངས་གཙོའི་ཏང་ཤོག་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཝང་ཁྲེན་དང་། ཧྲི་ཐའེ་ཧྥེང་། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་ཆིང་ལི། ཁྲེན་ཤིས་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་ཞུགས་མཁན་ཏང་ཕྱིའི་མི་སྣ་གྲས་སུ་ཁྲེན་ཀྲུའུ་དང་། ཝན་ཀང་། ཁྲེན་ཞའོ་ཀོང་། ཀུའུ་ཧྲེང་དབྱང་། ལིའུ་ཤིན་ཁྲེང་།ཧྲའོ་ཧུང་། ཧོ་པོའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན། ཀྲང་ཨེན་ཏི། ལི་ཡུས་ཧྥུང་། ཀྲོའུ་ཀྲུང་ཧོ་བཅས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10