ཕ་ཡི་བརྩེ་ཆེན་རི་བཞིན་བརྟན།། མ་ཡི་བྱམས་སྐྱོང་ཆུ་ལྟར་འཇམ།།

བདེ་ཆེན་དབང་མོས་བྲིས།        2023-03-03

ཉེན་རྟོག་པའི་ནང་མི་ཡག་ཤོས་འཆི་མེད་རིག་འཛིན་ཚང་གི་གནས་ཚུལ་རགས་བཀོད།

ཕ་ཡི་བརྩེ་ཆེན་རི་བཞིན་བརྟན།། མ་ཡི་བྱམས་སྐྱོང་ཆུ་ལྟར་འཇམ།།
འཆི་མེད་རིག་འཛིན་གྱིས་བུ་ཆེ་བར་རང་ཉིད་དམག་ནང་ཞུགས་པའི་གཏམ་རྒྱུད་འཆད་བཞིན་པའི་ཚུལ།

        2022ལོའི་ཟླ་བ11པའི་ཚེས9ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས《2022ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་དང་ཉེན་དོན་གཞོགས་འདེགས་མི་སྣ་ཡག་ཤོས། ཉེན་རྟོག་པའི་ནང་མི་ཡག་ཤོས་བཅས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོའི་སྐོར་གྱི་བརྡ་ཁྱབ》བཀྲམས་ཡོད། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་བློ་མཐུན་འཆི་མེད་རིག་འཛིན་ཞིང་ཆེན་ཡོངས་ཀྱི་ཉེན་རྟོག་པའི་ནང་མི་ཡག་ཤོས་ལ་བདམས་པ་རེད།

མཚན་སྙན་བཟང་པོ་དེ་ཐོབ་རྗེས་སྐྱེས་པ་དར་མ་དེས་ངས་ཕ་ཞིག་ཡིན་པའི་ངོས་ནས་བསྒྲུབ་དགོས་པའི་བྱ་བ་ཞིག་བསྒྲུབས་ཡོད། བུས་ལས་ཀ་རྐྱང་པ་ལས་བསམ་བློ་གཞན་ལ་གཡེང་མ་དགོས་པ་ཞིག་ཨ་རེད་མི་རེད་བྱས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ནི་ང་ལ་གཟི་བརྗིད་མཚན་སྙན་དེ་འདྲ་ཞིག་གནང་བྱུང་། མཚན་སྙན་དེ་ང་རང་གཅིག་པུར་དབང་བ་མིན་ལ། ང་ཚོ་ནང་མི་ཚང་མར་དབང་། ང་ཚོས་སྔར་རྒྱུན་བཞིན་བུ་ཡི་ལས་ཀར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཁོས་དཔལ་ཡུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་ལེགས་སྐྱེས་གང་མང་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།

       དུས་རབས19པའི་ལོ་རབས60པར་སྐྱེས་པའི་འཆི་མེད་རིག་འཛིན་ནི་དེ་སྔ་ལའོ་ཧྲན་གཡུལ་སར་བསྐྱོད་དེ་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ནང་ཞུགས་མྱོང་པ་དང་། གབ་དུང་བསྲུང་ནས་དགྲ་བོའི་གནས་ཚུལ་རྩད་ཞིབ་བྱེད་མཁན་འཐབ་འཛིང་པ་ཞིག་ཏུ་གྱུར་པ་རེད། གཡུལ་སའི་ཁྲོད་འཆི་མེད་རིག་འཛིན་གྱིས་དཔའ་ངར་ཆེན་པོས་དགྲ་བོ་བསད་པ་དང་དཔུང་བར་རྨས་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་མཚན་སྙན་ཡང་ཐོབ་པ་རེད། 1989ལོར་ཁོས་རྩ་འཛུགས་ཀྱི་བཀོད་སྒྲིག་དང་དུ་བླངས་ནས་དམག་ཁོངས་ནས་ཕྱིར་འཐེན་རྗེས་དཔལ་ཡུལ་དུ་ལོག་པ་དང་། ད་ལྟར་དཔལ་ཡུལ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་ལས་སྒྲུབ་བྱེད་སར་ཐོ་འགོད་ལས་དོན་གྱི་འགན་འཁུར་བཞིན་ཡོད་པ་རེད།

གསར་འགོད་པ་དཔལ་ཡུལ་རྫོང་སྲིད་དོན་ལྟེ་གནས་སུ་སླེབས་སྐབས། འཆི་མེད་རིག་འཛིན་གྱིས་ལས་དོན་བསྒྲུབ་སར་ཡོང་མཁན་མང་ཚོགས་ལ་ཁང་པའི་བདག་དབང་ལག་ཁྱེར་བསྐྱར་དཔར་བྱེད་རོགས་དང་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་མང་ཚོགས་ཀྱི་བློ་འདྲི་ལ་ལན་འདེབས་བཞིན་འདུག། གཟའ་མཇུག་འཆར་ལ་ཉེ་བའི་རྐྱེན་གྱིས་སྲིད་དོན་ལྟེ་གནས་སུ་ལས་དོན་སྒྲུབ་སར་ཡོང་མཁན་མང་ཚོགས་ཧ་ཅང་མང་པོ་ཡོད་པས། འཆི་མེད་རིག་འཛིན་ལ་ཁོམ་སྐབས་ཤིག་གཏན་ནས་མི་འདུག། ཁོས་སྐབས་རེར་སྐད་བསྒྱུར་དགོས་པ་དང་སྐབས་རེར་མང་ཚོགས་རྣམས་འབྲེལ་ཡོད་ཀྱི་ལས་སྒྲུབ་བྱེད་སར་ཁྲིད་སྟོན་བྱེད་ཀྱི་ཡོད། ལས་བྲེལ་ཆེན་པོའི་ནང་དུས་ཚོད་ནི་ཇི་ལྟར་བརྒལ་འགྲོ་བ་མ་ཤེས་པར་འཆི་མེད་རིག་འཛིན་གྱིས་ལས་ཀ་བསྒྲུབས་ཚར་རྗེས་དུས་ཚོད་ཡང་ཉིན་དགུང་ལས་ཀ་གྲོལ་དུས་ལ་སླེབས་པ་རེད།

ཕ་ཡི་བརྩེ་ཆེན་རི་བཞིན་བརྟན།། མ་ཡི་བྱམས་སྐྱོང་ཆུ་ལྟར་འཇམ།།
འཆི་མེད་རིག་འཛིན་དང་འཐབ་གྲོགས་ཚོའི་མཉམ་པར།

       བཅར་འདྲིའི་ཁྲོད་དུ། འཆི་མེད་རིག་འཛིན་གྱིས་རང་ཉིད་ལ་བུ་མོ་གཅིག་དང་བུ་གཉིས་ཡོད་པ་དང་། བུ་མོ་ཆེ་བ་གཙང་མདོ་ཡུལ་ཤོག་ཏུ་ལས་ཀ་སྒྲུབ་བཞིན་ཡོད། བུ་ཆུང་བ་དཀར་མཛེས་རྫོང་དུ་ལས་ཀ་སྒྲུབ་བཞིན་ཡོད་པས་བུ་ཆེ་བ་མ་གཏོགས་རང་ཉིད་ཀྱི་འགྲམ་དུ་བསྡད་མེད་མོད། 2019ལོར་བུ་ཆེ་བ་དཔལ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པར་བདེ་བླག་ངང་རྒྱུགས་འཕྲོད་ནས་ལས་རོགས་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད། ལས་ཀའི་བཀོད་སྒྲིག་ལྟར་བུ་ཆེ་བ་རྒྱུན་དུ་རང་ཁྱིམ་དང་བར་ཐག་སྤྱི་ལེ130ལྷག་རྒྱང་བའི་ཡ་ཆེན་འགག་ཚུགས་སུ་ལས་ཀ་སྒྲུབ་བཞིན་ཡོད་པས། ཁྱིམ་དུ་ལོག་པའི་དུས་ཚོད་ཧ་ཅང་ཉུང་ཉུང་རེད་ཅེས་བཤད་པ་རེད།

      འཆི་མེད་རིག་འཛིན་ཁྱིམ་དུ་གསར་འགོད་པས་རེས་མོས་ངལ་གསོ་བྱེད་བཞིན་ཡོད་པའི་བུ་ཆེ་བ་འཆི་མེད་ཚེ་རིང་མཐོང་བྱུང་། ཁོས་ཆུང་དུས་སུ་ཨ་ཕས་རྒྱུན་དུ་ང་རང་ལ་ཁོང་གི་གཡུལ་སའི་གཏམ་རྒྱུད་བཤད་པ་རེད། དེར་བརྟེན་ཆུང་དུས་ནས་ང་རང་དམག་མི་ཞིག་བྱེད་པའི་འདུན་པ་ཡོད། དེ་རྗེས་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་དམག་ནང་ཞུགས་མ་ཐུབ་མོད། འོན་ཀྱང་སེམས་སུ་ད་དུང་དམག་ཆས་གྱོན་འདོད་ཀྱི་ཕུགས་འདུན་ཞིག་ཡོད། ཨ་ཕའི་སྐུལ་ལྕག་འོག་ང་རང་དཔལ་ཡུལ་རྫོང་གི་ལས་རོགས་ཉེན་རྟོག་པའི་རྒྱུགས་སྤྲད་དུ་ཞུགས་ནས་གཟི་བརྗིད་ལྡན་པའི་ངང་ལས་རོགས་ཉེན་རྟོག་པ་ཞིག་ཏུ་གྱུར་པ་རེད། སྔོ་མདོག་གི་ཉེན་རྟོག་པའི་ལས་གོས་གྱོན་རྒྱུ་རག་པའི་གོ་སྐབས་བྱུང་བས་ང་ལ་སྤོབས་པ་སྐྱེད་པ་དང་གོ་སྐབས་འདི་རང་ཉིད་ཀྱི་ཧ་ཅང་དམ་འཛིན་བྱེད་ཀྱི་ཡོད་ཅེས་བཤད།

ཕ་ཡི་བརྩེ་ཆེན་རི་བཞིན་བརྟན།། མ་ཡི་བྱམས་སྐྱོང་ཆུ་ལྟར་འཇམ།།
འཆི་མེད་ཚེ་རིང་གིས་ཨ་ཕར་དམག་གོས་གྱོན་རོགས་བྱེད་བཞིན་པའི་ཚུལ།

     འཆི་མེད་ཚེ་རིང་གིས་རང་ཉིད་ཀྱི་ལས་ཀའི་སྐོར་གླེང་སྐབས། ཨ་ཕས་ངའི་ལས་ཀར་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ལས་ཀའི་རྐྱེན་གྱིས་ང་དུས་རྒྱུན་དུ་ཡ་ཆེན་འགག་ཚུགས་སུ་བསྡད་དགོས། ཡ་ཆེན་འགག་ཚུགས་ཀྱི་མཚོ་འཕགས་མཐོ་བ་དང་གནམ་གཤིས་ངན་ལ་ཁྱིམ་དང་བར་ཐག་རིང་བས། ཁྱིམ་དུ་ལོག་ནས་ཕ་མ་གཉིས་པོར་ལྟ་སྐྱོང་བྱེད་པའི་དུས་ཚོད་ཧ་ཅང་ཉུང་བ་རེད། ངས་ནམ་རྒྱུན་ཕ་མ་གཉིས་ལ་ཁ་པར་རྒྱག་སྐབས་ཁོང་གཉིས་ཀྱིས་ཁྱེད་རང་བློ་བདེ་པོས་ལས་ཀ་སྒྲུབས་དང་། ངེད་གཉིས་ལ་སེམས་ཁྲལ་བྱ་མི་དགོས་ཅེས་ནམ་ཡང་དེ་ལྟར་བཤད། ཁོང་ཚོར་ན་ཚ་ཕོག་པའམ་ཡང་ན་ཁྱིམ་དུ་དོན་དག་གལ་ཆེན་ཡོད་སྐབས་ངའི་ལས་ཀར་བཀག་འགོག་ཐེབས་རྒྱུ་རེད་བསམས་ནས་སྦས་གསང་བྱས་པ་རེད་ཅེས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

2020ལོར་འཆི་མེད་ཚེ་རིང་གི་བཟའ་ཟླར་ཕྲུ་གུ་འཁོར་ཡོད་མོད། འོན་ཀྱང་བཟའ་ཟླ་དང་ཕྲུ་གུ་ལ་ལྟ་སྐྱོང་བྱེད་པའི་ལས་འགན་དེ་འཆི་མེད་རིག་འཛིན་བཟའ་ཚོ་གཉིས་ཀྱི་ཕྲག་ཏུ་བབས་པ་རེད། དེའི་སྐོར་གླེང་བའི་ཚེ་འཆི་མེད་ཚེ་རིང་གི་སྐད་ཆའི་ནང་དུ་འགྱོད་གདུང་གིས་ཡོངས་སུ་ཁེངས་འདུག། ཁོས་སྟབས་ལེགས་པ་ཞིག་ལ་ངའི་བཟའ་ཟླ་དང་ཕྲུ་གུར་ནམ་ཡང་ཕ་མ་གཉིས་པོའི་ལྟ་སྐྱོང་ཐོབ་ཡོད། ཨ་ཕས་ད་དུང་ང་ལ་ཁྱིམ་ལ་སེམས་ཁྲལ་བྱེད་མི་དགོས། ལས་ཀ་ཡག་པོ་བསྒྲུབས་ནས་གོང་རིམ་གྱི་བཀོད་སྒྲིག་ལ་ཉན་དགོས། ཁྱིམ་ནང་གི་དོན་དག་ཆེ་ཆུང་གང་གི་ཐད་ལ་ཡང་ངེད་ཕ་མ་གཉིས་ཡོད་པས་སེམས་ཁྲལ་ཏོག་ཙམ་ཡང་བྱེད་མི་དགོས་ཞེས་ཡང་ཡང་བསྐུལ་བྱུང་། ཕ་མ་གཉིས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག་ངས་གཞི་ནས་བློ་བདེ་པོའི་ངང་ལས་གནས་ཐོག་ལས་ཀར་འབད་འབུངས་བྱེད་ཐུབ་ཀྱི་འདུག་ཅེས་བཤད།

     འཆི་མེད་རིག་འཛིན་ཚང་གི་ཁང་པ་ནི་ཆེ་རྒྱུ་མེད་ནའང་ཁྱིམ་དུ་དྲོད་ཁོལ་འཛོམས་པ་ཞིག་རེད། མགྲོན་ཚོམས་སུ་བྱིས་པའི་སྐད་སྒྲ་གྲག་བཞིན་ཡོད། འཆི་མེད་རིག་འཛིན་གྱིས་ང་རང་ལས་ཀ་གྲོལ་རྗེས་ཉིན་ལྟར་ཚ་བོ་དང་ལྷན་དུ་རྩེད་མོར་རྩེ་བཞིན་ཡོད། ད་ལྟར་མནའ་མས་བུ་ཆུང་བ་ཡང་སྐྱེས་ཚར་བ་རེད། བྱིས་པ་དང་ཕྲུ་གུ་ལྟ་སྐྱོང་བྱེད་པར་དཀའ་ཁག་ཆེ་ནའང་། བུ་རྒྱུད་ཚོས་བློ་བདེ་པོའི་ངང་ནས་ལས་དོན་སྒྲུབ་ཆོག་པའི་ཆེད་ངེད་ཕ་མ་གཉིས་ཀྱིས་དཀའ་ཁག་མྱོང་དགོས་ནའང་ག་ལ་སྐྱོན་ཞེས་བཤད།

བཅར་འདྲིའི་ཁྲོད་དུ། སྐད་ཆ་བཤད་རྒྱུ་མི་དགའ་བའི་འཆི་མེད་རིག་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱིས་དོན་དག་གང་ཡང་སྒྲུབ་མེད། ཕ་མས་བསྒྲུབ་དགོས་པའི་དོན་དག་ཆུང་ཆུང་ཞིག་རེད་ཅེས་ཡང་ནས་ཡང་དུ་དེ་ལྟར་ལབ་བྱུང་། ལོས་ཡིན་ཏེ། འདི་འདྲའི་ཕ་བཟང་པོའི་བརྩེ་སེམས་དང་རྒྱབ་སྐྱོར་འོག་བུ་འཆི་མེད་ཚེ་རིང་གིས་བློ་བདེ་པོའི་ངང་ལས་ཀ་བསྒྲུབས་ཏེ། མཐུན་སྒྲིལ་དང་ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཔལ་ཡུལ་གསར་པ་བསྐྲུན་པར་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་པ་ལགས་སོ།།



  • ལེ་ཚན་སྔོན་མ།:ཟས་མཆོག་སྦྲང་དཀར་རྩམ་པ།། དབུ་ནག་བོད་མིའི་ཁ་ཟས།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།