བུད་མེད་དུས་ཆེན་ལ་ཕུལ་བའི་སྙན་ངག།

གྱང་ཆག།        2023-03-10

བུད་མེད་ཚོ་ནི།

ཁྱིམ་ཚང་ཞིག་གི་སླད་དུ་ཤར་བའི་ཉི་མའམ་ཟླ་བ།

བུད་མེད་ཚོ་ནི།

ཁྱིམ་ཚང་ཞིག་གི་ཕྱིར་དུ་འབབ་པའི་ཆུ་བོའམ་སྦྲང་ཆར།

བུད་མེད་ནི་ཁྱིམ་གཞིས་ཤིག་གི་ཕྱེད་ཀ་དང་།

སྐྱེས་པ་ཞིག་གི་ཆུང་མ། ཕྲུ་གུ་དག་གི་ཨ་མ།

མི་ཡི་ནང་ནས་རླབས་ཆེན་ལགས་པས།

མི་གྲལ་ནས་ཅིས་ཀྱང་མགོ་བོ་མཐོ་རུ་འདེགས་ཆོག

ད་ནས་བུད་མེད་ཚོ་གཡུ་བྱུར་གྱི་ཕྲ་རྒྱན་དང་།

གསེར་དངུལ་གྱི་བསླུ་བྲིད་ལས་ཐར་དགོས།

ད་ནས་བུད་མེད་ཚོས་རང་གདེང་གིས་སྲོལ་ངན་ལ་ཕྱིར་རྒོལ་བྱས་ནས།

རང་ཉིད་ལ་བརྩི་མཐོང་བྱ་དགོས།

བུད་མེད་ཚོས་དེ་རིང་ཅིས་ཀྱང།

མོ་དབང་རིང་ལུགས་ལ་བཀའ་དྲིན་ཞུ་འོས།

Beauvoirཡི་བསམ་བློར་མིག་དཔེ་བལྟ་འོས།



  • ལེ་ཚན་སྔོན་མ།:ཨ་མ་དྲན་པའི་སྨེང་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།