ལས་གཞི་དམ་དུ་འཛིན། དཔལ་འབྱོར་དོན་དུ་གཉེར། དོན་འཁྱོལ་ཡོང་བར་བརྩོན།

ཀུན་དགས་བསྒྱུར།        2023-03-13

རང་ཁུལ་སྡེ་ཚན་ཁག་གིས་ཅི་འདྲ་བཤད་། ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་བྱ་སྤྱོད་དངོས་སུ་བསྒྱུར།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྤྱི་ཟླ2པའི་ཚེས6ཉིན་འཚོགས་པའི་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་ནང་། ལོ་གསར་པའི་ནང་ཤུགས་ཡོད་རྒུས་ཅི་འདྲ་བཤད་།ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་སྤེལ་ཏེ་དུས་ཚིགས་དང་པོའི་འགོ་ཡག་པོ་འཛུགས་པར་འགན་ལེན་བྱས་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་ཆེད་རྨང་གཞི་ཡག་པོ་འདིང་དགོས་ཞེས་བཏོན་ཡོད། འདི་ནི་རང་ཁུལ་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཚོགས་འདུ་གལ་ཆེན་ཐོག་མ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་ཡིན་པས།སྡེ་ཚན་ཁག་གིས་ཇི་ལྟར་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་སམ། ཉེ་ཆར་གསར་འགོད་པ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་། ཁུལ་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས།ཁུལ་འཕེལ་བསྒྱུར་ཨུ་ལྷན་བཅས་སུ་བསྐྱོད་ནས་འབྲེལ་ཡོད་གནས་ཚུལ་བཅར་འདྲི་བྱས་པ་རེད།

སྣེ་ཁྲིད་བྱེད་མཁན་ཡག་པོར་བྱེད།།   འགོ་འཛུགས་ལས་ལ་ཧུར་ཐག་བརྩོན།།

འགྲིམ་འགྲུལ་སྟོབས་ཆེ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་ནི་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཁུལ་ཡོངས་སུ་ཅི་འདྲ་བཤད། ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་སྤེལ་བའི་གཙོ་གནད་ཅིག་ཡིན་ཞིང་།ཞིབ་ཕྲའི་ལས་དོན་ལ་ཁག་ལ་བསྐུལ་བའི་བརྒྱུད་རིམ་ཁྲོད་ཅུས་དེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་མཛུབ་ཁྲིད་དུ་བྱས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ཁྱོན་ཡོངས་ནས་འགྲིམ་འགྲུལ་ལས་གཞིའི་འཛུགས་སྐྲུན་ལ་བསྔགས་པས་མ་ཚད་སྣེ་ཁྲིད་མཁན་ཡག་པོར་བྱས་ཏེ་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་བསྐུལ་ནས་དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་འཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད།

དཔལ་འབྱོར་འཕེལ་གཏོང་དང་འགྲིམ་འགྲུལ་སྔོན་སྤེལ་བྱ་དགོས།དཔྱིད་གསར་དུས་ཆེན་རྗེས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མགྱོགས་པོ་དང་འགོ་ཡག་པོ་འཛུགས་པའི་དངོས་སྒྲུབ་རྣམ་པའི་ཐོག་ནས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་དམངས་འཚོའི་འདུ་འགོད་བསྐྲུན་ཡོད།

དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲེང་ཏུའུ་ཀླུང་ཐང་དཔལ་འབྱོར་ཁུལ་དང་སྦྲེལ་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་།དར་མདོའི་གཉའ་ལུང་འགོ་ནས་རྒྱལ་ལམ4218དར་མདོའི་བརྒལ་མཚམས་ཀྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས་མའོ་ཚང་ལུང་ཤུར་དང་། ཏ་ཚའོ་ཕིང་། ཨེར་ཐའེ་ཙི་བཅས་བརྒྱུད་དེ་རྒྱུ་ལའི་ཕུག་ལམ་ནས་ར་རྔ་ཁ་གྲོང་རྡལ་མགོ་ལོག་ཐོག་གྲོང་སྡེ་གསུམ་པར་བཏང་ཡོད། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དོ་དམ་ཁང་གི་མགོ་གཙོ་གཞོན་པ་ཁྲེན་ཝུའེ་ཡིས་གསར་འགོད་པར། ལམ་ཐིག་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ78.519ཡོད་པ་དང་།རྒྱལ་ལམ318དང་མཉམ་སྐྲུན་བྱས་པའི་རྒྱུ་ལ་ཕུག་ལམ་ཕུད་རྗེས་ལམ་ཐག་སྤྱི་ལེ73.006ཡོད་པ་དང་། ཕྱོགས་གཉིས་ལ་རླངས་འཁོར་བཞི་བསྒྲིག་བྱས་ནས་གཏོང་ཆོག་པའི་མྱུར་བགྲོད་གཞུང་ལམ་ལག་རྩལ་གྱི་ཚད་གཞི་སྤྱད་དེ་ཇུས་འགོད་མྱུར་ཚད80km/hཡིན་ཞིང་། ཟམ་པ21ལ་སྨི6391.0ཡོད། ཕུག་ལམ8ལ་སྨི42836ཡོད། ཞབས་ཞུ་ཁུལ2དང་རླངས་འཁོང་འཇོག་ས1བཅས་བཙུགས་ཡོད་ཅེས་བཤད།

ཉེ་ཆར་གསར་འགོད་པས་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཡུལ་དུ་གང་སར་བྲེལ་འཚུབ་ཀྱི་ཁེངས་པའི་རྣམ་པ་མཐོང་། འཛུགས་སྐྲུན་པ་ཚོས་སོ་སོའི་ཨར་ལས་བྱ་ཡུལ་དུ་འབད་འཐབ་བྱས་ཏེ་གསོ་རླུང་ཉུང་བ་དང་།རླུང་གནོན་དམའ་བ། ས་བབ་མཐོ་བ། ཤུགས་ཚད་མཐོ་བ་སོགས་རང་བྱུང་ཆ་རྐྱེན་ལ་མ་འཛེམས་ནས་ལས་གྲྭ་ལག་བསྟར་གང་མགྱོགས་བྱེད་བཞིན་ཡོད།

དེ་གར་འཛུགས་སྐྲུན་པ་ཚོས་རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་འདྲ་མིན་སྤྱད་དེ་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད། ལས་གཞི་དེ་བསྐྲུན་རྗེས་ལམ་རྒྱུད་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་བསྐུལ་ནས་རང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་།སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ།དེ་བཞིན་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཅས་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲེན་ཝུའེ་ཡིས་འཛུགས་སྐྲུན་གྱི་འཆར་གཞིའི་རེའུ་མིག་དང་།ལམ་རིས།དུས་ཚོད་རེའུ་མིག་བཅས་ལ་གཞིགས་ནས་ད་ཆ་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ས་ཚུགས་ཀྱི་རྒྱུ་ལའི་ཕུག་ལམ་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་བསྐུལ་ནས་སྐྲུན་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་འགན་འཁུར་བས་ཅི་འདྲ་བཤད། ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་དོན་འཁྱོལ་དེ་བས་ཡག་པོ་བྱེད་ཐུབ། དུས་ཚིགས་དང་པོའི་འགོ་ཡག་པོ་ཞིག་འཛུགས་ཐུབ་བམ། ཡོད་ཚད་ལས་གཞིར་བལྟ་བ་དང་བྱ་བ་ཐམས་ཅད་ལས་གཞིར་དམིགས་ནས་སྒྲུབ་པ་དང་།ལམ་དྲྭའི་མ་ལག་འཐུས་ཚང་དུ་གཏོང་བ།ཤར་བགྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་འབྲེལ་ས་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།

མཐོ་སྒང་གནས་འཕྲོད་ལས་གྲྭ་སྐྲུན་པར་བསྐུལ་ནས། གྲོང་སྲིད་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ།

ཉེ་བའི་ལོ་ཤས་རིང་།ཁུལ་རིམ་པའི་སྡེ་ཚན་ཁག་གིས་སྤྱི་འདོམས་མཉམ་འགུལ་དང་ནུས་པ་མཉམ་འདོན་གྱིས་སོལ་རླངས་དང་།དྲོད་རླངས།གསོ་རླུང་བཅས་མཁོ་འདོན་བྱེད་པ་གཙོ་གནད་དུ་བྱས་པའི་མཐོ་སྒང་གནས་འཕྲོད་ལས་གྲྭར་བསྐུལ་ཡོད། དམངས་འཚོ་དང་འབྲེལ་བ་ཡོད་པའི་ལས་གཞི་འབོར་ཆེན་ཞིག་སྔ་རྗེས་སུ་དོན་འཁྱོལ་བྱེད་འགོ་བཙུགས་ཡོད།

དྲོད་རླངས་མཁོ་འདོན་དེ་དམངས་འཚོར་འབྲེལ་བ་ཡོད་ལ་བདེ་སྡུག་གི་འགག་སྒོ་ཞིག་ཀྱང་ཡིན། དེ་སྔ་མཚོ་འཕགས་ཆ་སྙོམས་སྨི4127ལ་ཟིན་པའི་གསེར་རྟ་རྫོང་གི་དགུན་དུས་དྲོད་ཚད་ཧ་ཅང་དམའ།ཡིན་ཡང་འདི་ལོ་གསེར་རྟ་རྫོང་དུ་དྲོད་ཚད་མཐོ་རུ་བཏང་ཡོད། གཅིག་སྡུད་ཐོག་དྲོད་མཁོ་འདོན་ལོངས་སྤྱོད་ཐུབ་པའི་གསེར་རྟ་རྫོང་གི་གྲོང་མི་ལི་ཐིང་གིས་འཛུམ་དམུལ་དམུལ་ངང་དེ་སྔ་གསེར་རྟ་རྫོང་དུ་དགུན་ཁ་སླེབས་སྐབས་ཁྱིམ་དུ་འཁྱག་མཛོད་ལྟ་བུ་ཡིན།2020ལོའི་སྤྱི་ཟླ10པར་གསེར་རྟ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི(དུས་ཐེངས་གཉིས་པ)ལས་གྲྭ་གྲུབ་ནས་རྫོང་ཁུལ་དེ་བས་དྲོ་སྐྱིད་ལྡན་པར་གྱུར་ཡོད་ཅེས་བཤད།

ལས་གཞི་འཛུགས་སྐྲུན་ཐད་ཕན་འབྲས་ཆེ་བའི་ནུས་རྒྱུ་གྲོན་ཆུང་གི་རྩ་དོན་ལྟར་དྲོད་ཚད་དམའ་བའི་མཁའ་རླུང་འབྱུང་ཁུངས་ཀྱི་ཚ་ཕུམ་དང་སྡེ་ཁུལ་ཁག་བགོས་རྣམ་པའི་དྲོད་རླངས་མཁོ་འདོན་བྱེད་སྟངས་སྤྱད་ནས།དྲོད་རྒྱུན་ཆད་མེད་པར་གཞུང་དོན་ཁང་དང་སྡོད་ཁང་དུ་སྐྱེལ་གྱི་ཡོད། གསེར་རྟ་རྫོང་སྡོད་ཁང་དང་།གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ལི་ཀང་གིས་གསེར་རྟ་གནས་འཕྲོད་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱེད་པའི་ལས་གྲྭ་དེ2014ལོར་བསྐྲུན་པ་དང2014ལོ་དང2019ལོར་ཁག་སོ་སོར་མ་དངུལ་སྒོར་དུང་ཕྱུར0.2895དང་སྒོར་དུང་ཕྱུར1.1387བཏང་ནས་དུས་ཐེངས་གཉིས་པའི་ལས་གྲྭ་ལེགས་སྒྲུབ་བྱས་པ་དེས་རྫོང་དེའི་སྨན་བཅོས་དང་སློབ་གསོ་སོགས་གཙོ་གནད་ཚན་པར་ཕན་པ་ཐོབ་ཡོད་ཅེས་བཤད། ན་ནིང་གསེར་རྟ་རྫོང་གིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར1.2བཏང་ནས་དུས་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་ཐེངས་གསུམ་པ་བསྐྲུན་པ་དང་འབྲེལ་འཁོར་སྐྱོད་ཀྱང་བྱས་པས་ཏང་སྲིད་ལས་ཁུངས་དང་།ཁེ་ལས་དང་བྱ་གཞག་ཚན་པ།ལས་བྱེད་པའི་ལས་ཤག་བཅས་སུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་ཐུབ་ཡོད་ཅེས་བཤད།

གླེང་རིན་ཡོད་པ་ཞིག་ནི་དྲོད་རླངས་མཁོ་འདོན་ལས་གྲྭ་དེ་བསྐྲུན་ནས་དྲོད་རླངས་མཁོ་འདོན་གྱི་སྦྲེལ་ཚུགས23སྤྱོད་འགོ་ཚུགས་པ་དེས་སྨི་ངོས་གྲུ་ཁྲི24.28ལ་ཟིན་པའི་སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་བསྐངས་ཡོད། འདི་ལོ་རྫོང་དེས་ད་དུང་ཁུལ་ནུས་རྒྱུ་དང་མ་འཇོག་ཚོགས་པས་དྲོད་རླངས་མཁོ་འདོན་ལས་གཞི་འཛུགས་སྐྲུན་པར་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་གཞི་དེར་མ་དངུལ་སྒོར་དུང་ཕྱུར6.19བཏང་ནས་གསེར་རྟ་རྫོང་གི་ཡུལ་ཤོག་དང་རྫོང་གྲོང16གི་དྲོད་རླངས་མ་ཁྱབ་པའི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་ཐག་གཅོད་བྱས་ཏེ་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི41.23ལ་ཟིན་རྒྱུ་རེད།

གསེར་རྟ་རུ་སྨན་བཅོས་སྒྲིག་གཞིས་གསོ་རླུང་སྤྱོད་པ་དང་ཡུལ་སྐོར་བའི་གསོ་རླུང་སྤྱོད་རྒྱུ་ཐག་གཅོད་བྱ་ཆེད།རྫོང་དེས2019ལོ་ནས་ད་བར་སྔ་རྗེས་སུ་སྒོར་ཁྲི630བཏང་ནས་མདོང་ལམ་ནས་གསོ་རླུང་མཁོ་འདོན་དང་གཟུགས་དབྱེ་ནས་གསོ་རླུང་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གསེར་རྟ་རྫོང་གི་ཐོན་ལས་དབུལ་སྐྱོར་ཨར་ཁང་གིས་གཅིག་སྡུད་ཐོག་གསོ་རླུང་མཁོ་འདོན་བྱེད་པའི་ལས་གཞི་དང་སེར་རྟ་རྫོང་གྲོང་ཁྱེར་གྱིས་གཅིག་སྡུད་ཐོག་གསོ་རླུང་མཁོ་འདོན་བྱེད་པའི་ཚོད་ལྟའི་འཛུགས་སྐྲུན་ལས་གཞི་ལག་ལེན་བསྟར་ནས་གསོ་རླུང་མཁོ་འདོན་བྱེད་ཚད་སྨི་ངོས་གྲུ་ཁྲི1.48ལ་ཟིན་ཡོད།

སྤྱི་ཟླ2པའི་ཚེས27ཉིན་གསེར་རྟ་རྫོང་གི་གསོ་རླུང་མཁོ་འདོན་ལས་གྲྭའི་ཨར་སྐྲུན་བྱ་ཡུལ་དུ་བཟོ་པ་ཚོས་སྔ་ས་ནས་དམིགས་སར་འབྱོར་བ་དང་གོ་རིམ་ལྡན་པའི་ངང་རྒྱུ་ཆ་འདོན་འཇུག་དང་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ལི་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ཕྱིན་ཆད་རྫོང་ཡོངས་ཀྱིས་མ་དངུལ་སྒོར་ཁྲི260བཏང་ནས་གསེར་རྟ་རྫོང་གི་སྤྱི་པའི་ཞབས་ཞུ་བྱ་ཡུལ་གྱི་གསོ་རླུང་མཁོ་འདོན་ཚོད་ལྟའི་འདུ་འགོད་ལག་ལེན་བསྟར་ཏེ་ཁྱིམ་ཚང150དང་ལས་ཁུངས50ཡི་ཚན་པའི་གསོ་རླུང་མཁོ་འདོན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ད་སྔར་འོས་སྐུལ་གྱི་ལས་དོན་ལེགས་གྲུབ་ཟིན་པ་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པས་སྔོན་དཔག་བྱས་ན་སྤྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་སྒྲིག་སྦྱོར་བྱ་རྒྱུ་དང་འབྲེལ་བེད་སྤྱོད་གཏང་རྒྱུ་ཡིན་པ་རེད།

ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་བསྐྲུན་ཏེ། སྤུས་ཚད་མཐོ་བའི་ནུས་རྒྱུ་གཙང་མའི་ལམ་དུ་སྐྱོད།

ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་བ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བྱས་ནས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་བཏོད་དེ་འབྱུང་འཕྲོད་དང་སྤུས་ཚད་མཐོ་བའི་ནུས་རྒྱུ་གཙང་མའི་ལམ་བུའི་ཐོག་བསྐྱོད་པར་འབད་འབུངས་བྱས་ཡོད།

ཉིན་ཤས་རིང་།བརྒྱད་ཟིལ་རྫོང་གི་ཆུ་འོད་གསབ་རེས་ཀྱི་འོད་ཤུགས་ལས་གཞི་ལ་ལས་བྲེལ་ཆེ་བས་འཛུགས་སྐྲུན་པ་ཚོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་ཀྱིས་དེ་གར་ལས་དོན་སྒྲུབ་པ་དང་།ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱས་པ།ལས་གཞིའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད། ད་སྔར་སི་ཁྲོན་གཅིག་སྒྲིལ་གྱི་ནུས་རྒྱུ་ཚད་ཡོད་སྤྱི་གཉེར་ཁང་འོད་ཤུགས་གློག་ཁང་གི་ལས་གྲྭ་གཙོ་བོའི་ཨར་ལས་རུ་ཁག་བསྡུས་ནས་འགྲན་རར་ཞུགས་བཞིན་ཡོད་པ་དང་།ཕུར་རྒྱག་འཕྲུལ་ཆས་འགྲན་རར་སླེབས་ནས་འོད་ཤུགས་པང་ལེབ་ཀྱི་གཞི་སྟེགས་བསྐྲུན་བཞིན་ཡོད་པས་རང་ཁུལ་གྱིས་བེད་སྤྱོད་ཐུབ་པའི་ལས་རོགས་པ་ཞིག་སྣོན་བཞིན་ཡོད།

བརྒྱད་ཟིལ་རྫོང་ནི་ཕན་ཞི་ས་ཆ་དང་མཚོ་བོད་མཐོ་སྒང་བར་བརྒལ་ས་ཁུལ་དུ་ཆགས་ཤིང་།རི་བོ་མཐོན་པོ་དང་། གྲོག་རོང་བཅས་ས་བབ་ཆེན་པོ་བཞི་ལས་གྲུབ་པ་དང་།བྱང་མཐོ་ལྷོ་དམའ་དང་ཆར་ཆུ་ཉི་འོད་འབེལ་བས།འོད་ཕན་གསབ་རེས་ཀྱི་འོད་ཤུགས་ལས་གཞི་འཛུགས་སྐྲུན་བྱེད་པར་ཧ་ཅང་འཚམ་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།བརྒྱད་ཟིལ་རྫོང་གིས2023ལོར་ཆུ་འོད་གསབ་རེས་ཀྱི་འོད་ཤུགས་ལས་གཞི་ཁྱོན་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད390MWལ་ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་19.76བཏང་བ་དེ་ཞི་ཀུའུ་ཆུ་ཤུགས་གློག་ཁང་གི་ཆུ་འོད་གསབ་རེས་ཀྱི་འོད་ཤུགས་ལས་གཞི་དང་གསེག་ཁའི་ཆུ་ཤུགས་གློག་ཁང་གི་ཆུ་འོད་གསབ་རེས་ཀྱི་འོད་ཤུགས་ཀྱི་ལས་གཞི་ཡིན་པ་རེད།

ཞི་ཀུའུ་འོད་ཤུགས་གློག་ཁང་དེ་སྤྱི་ཟླ2པའི་ཚེས20ཉིན་ནས་སྐྲུན་འགོ་ཚུགས་ཤིང་།སྤྱི་ཟླ3པའི་ཚེས10ཉིན་ནས་བཟུང་འོད་ཤུགས་ཁུལ་སྒྲིག་སྦྱོར་བྱས་ནས་བསྐྲུན་འགོ་ཚུགས་ཡོད།2023ལོའི་སྤྱི་ཟླ12པའི་ཚེས31ཉིན་གྱི་གོང་དུ་ཁྱོན་ཡོངས་ཀྱི་ཤོང་ཚད་གློག་དྲྭ་སྦྲེལ་ནས་གློག་གཏང་རྒྱུ་རེད། གསེག་ཀོང་ཕུའུ་གློག་ཁང་དེ་འདི་ལོའི་སྤྱི་ཟླ4པའི་ཚེས1ཉིན་ནས་སྐྲུན་འགོ་འཛུགས་རྒྱུ་དང་ཟླ6པར་འོད་ཤུགས་ཁུལ་སྒྲིག་སྦྱོར་བྱས་ནས་བསྐྲུན་རྒྱུ་དང2023ལོའི་སྤྱི་ཟླ12པའི་ཚེས31ཉིན་གྱི་གོང་དུ་སྤྱི་ཁོག་ཧ་ལམ་ལེགས་གྲུབ་ཟིན་ནས་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ་རེད་ཅེས་བརྒྱད་ཟིལ་རྫོང་འཕེལ་བསྒྱུར་ཅུས་ཀྱི་ལས་དོན་མི་སྣས་གསར་འགོད་པར་བཤད།

ཁོར་ཡུག་སྲུང་སྐྱོང་གི་འོད་ཤུགས་གཙང་མ་ཕན་ནུས་ཆེ་ཞིང་ནུས་སྲི་ཐུབ་པས་ཁྱིམ་ཁྲི་ལ་ཕན་པ་ཡོད། ཉི་འོད་ཅིག་དང་ཆུ་དྭངས་མོ་ཞིག་འོད་ཤུགས་པང་ལེབ་མང་པོ་ཞིག་བརྒྱུད་དེ་གློག་རྒྱུན་དུ་གྱུར་ནས་རྒྱུན་མི་ཆད་པར་ནུས་རྒྱུ་གཙང་མ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ཐཱན་གཉིས་འདུ་འགོད་ལ་བརྟེན་ནས་བརྒྱད་ཟིལ་རྫོང་གིས་འོད་ཤུགས་ཐོན་ལས་འཕེལ་རྒྱས་ལ་བསྐུལ་པ་དང་སྐྱེ་ཁམས་ལེགས་ཆར་འགྱུར་ལྡོག་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་འབྱུང་འགྱུར་བཏོད་ཅིང་།བརྒྱད་ཟིལ་རྫོང་འཕེལ་བསྒྱུར་ཅུས་ཀྱི་ལས་དོན་མི་སྣས་ལས་གཞི་དེ་བསྐྲུན་རྗེས་ཆ་སྙོམས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེ་ལ་སྟོང་ཝ་དུང་ཕྱུར6.6ལ་ཟིན་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི54.94ཉུང་དུ་གཏོང་ཐུབ་ཅེས་བཤད།

ཅི་འདྲ་བཤད། ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག། དཔལ་འབྱོར་ལ་བརྟེན་ནས་འཛུགས་སྐྲུན་བྱེད་པའི་མཐའ་མའི་གདོང་མཆོང་དུང་བརྡ་བཏང་ཟིན་པ་དང་།རང་ཁུལ་གྱི་རིམ་ཁག་སྡེ་ཚན་གྱིས་གྲ་སྒྲིག་ཡག་པོ་བྱས་ནས་ལས་གཞི་དམ་འཛིན་ཤུགས་ཆེན་དང་། དཔལ་འབྱོར་ལ་དམ་འཛིན་ཆེན་པོ། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོར་ཡོང་བའི་སྟེགས་བུ་སྐྲུན་བཞིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:སེམས་ཐག་གཙང་བཅད་ཀྱིས་དུས་རབས་འགན་འཁྲི་ཡག་པོ་སྒྲུབ།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་དོན་གཅོད་ཁང་གིས་མགྲོན་ཁང་ཚགས་བཤེར་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།