ན་ཚོད།

ལྡོང་འཇིགས་སྲས།        2023-03-13

ནར་སོན་པ་ནི་ན་ཟུག་ཅིག་རེད།

རྒྱང་རིང་གི་སྤྲིན་དཀར་དང་འཇའ་ཚོན།

ནར་སོན་པ་ནི། སེམས་ཐག་ཉེ་ཡང་།

ལུས་ཀྱི་བར་ཐག་གི་ཆོད་པའི་ན་ཟུག་ཅིག་རེད།

ལོ་རེ་རེ་བཞིན་བཞུད་རྗེས།

སྡུག་བསྔལ་གྱི་མཚོ་འཇིངས་སུ།

ང་དང་ཁྱོད། ད་དུང་ཆགས་ཞེན་གྱི་བར་ལ་འཚོ་བའི་

ཉམ་ཐག་པ་འདི་དག་གྱེས་བྲལ་དང་ན་ཟུག་རེད།

ཡང་ན་དབྱར་ཟླ་འདི།

མེ་ཏོག་དྲི་ངད་དང་བསིལ་འཇམ་ངང་བཞད་ན་ཡང་།

ནམ་ཞིག་ལ། ཡང་ན་ཟླ་འགའི་རྗེས།

ཞིག་རལ་དུ་འགྲོ་བ་ནི་ན་ཟུག་ཅིག་རེད།

ཡིན་ན་ཡང་།

ཉི་འོད་ས་ཆེན་དུ་ཕོག་པའི་བར་འཁྱམ་འདིར།

ན་ཚོད་ཀྱི་ཡང་སྙིང་མ་རྙེད་པ་ནི།

ན་ཟུག་ཅིག་ཀྱང་རེད་ལ། གློའུ་རྟགས་ཤིག་ཀྱང་རེད།



  • ལེ་ཚན་སྔོན་མ།:ཟླ་འོད་མེད་པའི་མཚན་མོར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།