བོད་ཀྱི་གཉེན་སྲོལ་ལས། མག་ལྕུག

    མཚོ་སྔོན་ཁྲིམས་ལུགས་ཚགས་པར།    2023-03-07

བཅིངས་ཚུལ།
       ཞང་ཨ་ཁུ་དང་། ནང་ཕུ་ནུ། མ་དང་སྲུ་མོ། སྡེ་ཕྱི་ནང་བཅས་གྲལ་ལ་འཛོམས་པའི་དུས་སུ་མག་ལྕུག་བཅིངས་ལ། དེ་ལ་སྐ་རགས་དར་ཚོན་སྣ་ལྔའི་བཤད་པ་སོགས་ཡོད། དེར་ཕྲུག་དང་གོས། སྒོར་མོ། རྫོངས་དངོས་མང་བོ་སྟེར་བ་རེད། སྟེར་ཚད་ཇེ་དྲག་ནས་ཇེ་དྲག་ལ་འགྲོ་བཞིན་ཡོད་པས། ས་ཆ་མང་ཤས་སུ་ཚད་བཀག་བཟུང་སྟེ་བཅོས་སྒྱུར་བྱེད་པ་ནི་སྤྱི་ཚོགས་དགོས་མཁོ་དང་མཐུན་པ་རེད།
དགོས་པ།
       ཁྱིམ་རྒྱུད་ཀྱིས་མག་པ་ལ་འདང་བརྩི་ཆེ་བའང་མི་སར་ཕུད་པ་ལས་མི་རྒྱུད་ཀྱི་ཆེ་བ་མངོན་པའི་ངང་ཚུལ་གྱི་ནུས་པ་ཐོན།
       བོད་ཀྱི་གཉེན་སྟོན་ཆོ་གའི་སྐོར་གྱི་མག་གསར་དང་འབྲེལ་བའི་ཐ་སྙད་ཅིག མག་སྐགས། མག་ལྕུག མག་པའི་ཆུ་དར། སོགས་ཡོད་པ་དང་། མག་ལྕུག་དང་མག་སྐགས་དོན་གཅིག

  • ལེ་ཚན་སྔོན་མ།:བོད་ཀྱི་གཉེན་སྲོལ་ལས། བར་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།