མཐུན་སྒྲིལ་འབད་འཐབ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན། —— རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    ཤིན་ཧྭ་གསར་འགྱུར་ཁང་།    2023-03-07

ཟླ་2ཚེས་26ནས་ཚེས་28ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་བ་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་བསྒྲགས་ཀྱི་ནང་དོན་ལ་སློབ་སྦྱོང་ནན་ཏན་བྱས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་བྱས་ཏེ་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་རྡོག་རྩ་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོཌ་མྱུར་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

“ཚང་འཛོམས་གྲོས་ཚོགས་ཐོག དགོངས་གཞི་ནན་པོར་བརྟེན་ནས་སྤྱོད་བཟང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་དང་། ‘སྤྱོད་ཚུལ་བཞི’ཡོ་བསྲང་གཏིང་ཟབ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས་པ་བསྟན་པར། ང་ཚོས་རང་ངོས་གསར་བརྗེ་རྦད་དེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་རུལ་རྒོལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱ་རྒྱུ་ཡིན། ང་ཚོས་རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་བཟོ་དང་། རྩ་བ་བརྟན་གཏོང་དང་བླ་སྲོག་སླར་གསོ་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཏེ‘ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བའི’སྲིད་གཙང་ཉེན་བརྡའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་བཏང་ནས་སྒྲིག་ཁྲིམས་སློབ་གསོ་ཏན་ཏིག་དང་ཞིབ་ཚགས་ཡོང་བ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གྱི་ནུས་པ་ཆེན་པོ་ཆགས་པ་དང་། རུལ་སུངས་བྱེད་མི་ཐུབ་པའི་བཙན་ཐབས་ལམ་ལུགས་ཀྱི་འཆུན་འདོམས། རུལ་སུངས་བྱེད་མི་འདོད་པའི་བསམ་བློའི་སློབ་གསོ་བཅས་ཀྱི་ལེགས་ཆ་གཞི་གཅིག་ཏུ་འདྲེས་པར་བྱས་ནས་རུལ་སུངས་བཅོས་སྐྱོང་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལི་ཡུང་ཧྥུང་གིས་བརྗོད།

ཚང་འཛོམས་གྲོས་ཚོགས་ཐོག ནང་མཁོ་རྒྱ་ཆེར་ཧུར་ཐག་བཏང་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཆེ་རིགས་ནུས་ལྡན་ངང་འགོག་པ་དང་བསལ་ནས་ཉེན་ཁ་གཅིག་མཇུག་གཉིས་མཐུད་ངང་མི་ཐོན་པའི་མཐའ་ཚད་སྲུང་དགོས་ཞེས་བསྟན་པར། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧང་ཀྲང་ཝང་ཁྲུན་ཆའོ་ཡིས་བརྗོད་དོན། “2023ལོར་བོད་ལྗོངས་ཁོངས་གཏོགས་ཀྱི་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱིས་མུ་མཐུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཐོག་བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་ཡག་པོ་བསྟར་ཏེ། དངུལ་རྩའི་ཉེན་ཁ་ནུས་ལྡན་ངང་འགོག་པ་དང་བསལ་ནས་དངུལ་རྩའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་དང་། དངུལ་རྩའི་དོ་དམ་དང་ཞབས་ཞུ་ལེགས་སུ་བཏང་སྟེ་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཁེ་ལས་དཀའ་ངལ་ལས་སྒྲོལ་རོགས། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཀྱི་ཐད་དངུལ་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནད་ལ་འཁེལ་བའི་དངུལ་རྩའི་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན”

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་རྗེས། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གླིང་མཐིལ་ཤང་གི་ཤང་ཀྲང་ཝུའུ་ཁའེ་ཧུང་གིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པས། ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་ལ་སྙིང་སྟོབས་ཀྱང་འཕེལ་བ་དང་ཆབས་ཅིག་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཡིན་པ་ཚོར་བྱུང་བས”ཏང་གི་གཞི་རིམ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ལས་ཀའི་ཁྱོན་ཡོངས་ལ་ཁྱབ་པ་དང་། གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་དང་རྨང་གཞི་བརྟན་གཏོང་གི་རྣམ་གྲངས་དང་གྲོང་ཚོའི(སྡེ་ཁུལ)ཏང་འཛུགས་སྐྱོང་གི་ལས་དོན་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་གཉིས་ཀ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཐོར་གཏོང་། གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་གནས་འཕྲོད་ལས་འཕྲོད་དང་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་བརྩོན་བྱས་ནས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གང་མགྱོགས་ལེགས་སུ་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱས།

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་ནི། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་ཏན་ཏིག་བྱེད་དགོས་པ་བསྟན་པར། རྒྱ་ཚ་རྫོང་ཤང་མོ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལྷ་མོ་མཚོས“གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་གཞི་རིམ་དུ་ལས་ཀ་བྱས་ཏེ། ཞིང་འབྲོག་མང་ཚོགས་དང་ཉེ་བཅར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མང་ཚོགས་ཁྲོད་གནད་སྨིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་མིག་སྔའི་ལས་འགན་གལ་ཆེན་ཞིག་རེད”ཅེས་བརྗོད་པ་རེད།

--    --

འགན་འཁུར་རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་སྒྲོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།