རྒྱལ་ཡོངས་ཚོགས་ཆེན་གཉིས་འགོ་ཚུགས་ཟིན་ཡོད། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐོར་ཁྱེད་རང་ནས་ག་ཚོད་མཁྱེན་གྱི་ཡོད་དམ། འཐུས་མི་དང་ཨུ་ཡོན་ཇི་ལྟར་བདམས་ཐོན་བྱུང་བ་ཡིན་ནམ། གྲོས་འགོ་དང་གྲོས་གཞི་སོགས་ཀྱི་བརྗོད་སྟངས་ཐད་དབྱེ་བ་ཇི་ལྟར་འབྱེད་དགོས་སམ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོར་སྐོང་འཚོགས་བྱས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་ལོའི་ཚོགས་ཆེན་གཉིས་ལ་གྲོས་རིམ་གང་དག་ཡོད་དམ། གཤམ་ལ་གོང་གསལ་གྱི་དོགས་གནད་དེ་དག་ལ་རེ་རེ་བཞིན་གསལ་འགྲེལ་ཞུ་རྒྱུ་ཡིན།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོ།སྤྱི་ལོ2023ལོའི་ཟླ3པའི་ཚེས5ཉིན་འགོ་ཚུགས།སྤྱི་ལོ2023ལོའི་ཟླ3པའི་ཚེས13ཉིན་མཇུག་འགྲིལ་རྒྱུ།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ།སྤྱི་ལོ2023ལོའི་ཟླ3པའི་ཚེས4ཉིན་འགོ་ཚུགས།སྤྱི་ལོ2023ལོའི་ཟླ3པའི་ཚེས11ཉིན་མཇུག་འགྲིལ་རྒྱུ།
1. སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་རྒྱུ།2. སྤྱི་ལོ2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་སྤྱི་ལོ2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་གནང་རྒྱུ།3. སྤྱི་ལོ2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང་སྤྱི་ལོ2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་གནང་རྒྱུ།4. རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་གནང་རྒྱུར་ཕུལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་འགོར་གྲོས་ཞིབ་གནང་རྒྱུ།5. རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་རྒྱུ།6. ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་རྒྱུ།7. ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་རྒྱུ།8. རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་གནང་རྒྱུ།9. རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆའི་མི་སྣ་འདེམས་བསྐོ་གནང་རྒྱུ།
1. རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ།2. སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་གནང་རྒྱུ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གཞན་དག་གསན་རྒྱུ་མ་ཟད་གྲོས་བསྡུར་གནང་རྒྱུ།3. ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་སོགས་གྲོས་ཆོད་དང་སྙན་ཞུར་གྲོས་ཞིབ་གནང་ནས་གྲོས་འཆམ་ཡོང་བ་བྱ་རྒྱུ།4. སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་འདེམས་བསྐོ་གནང་རྒྱུ།
ལོ18འཁོར་མོར་སླེབས་པའི་ཀྲུང་གོའི་སྤྱི་དམངས་ཡིན་དགོས།
ཁྲིམས་ལྟར་ཆབ་སྲིད་དབང་ཆ་འཕྲོག་མེད་པ།
ཁྲིམས་ལྟར་འདེམས་དམངས་ཀྱི་ཐོབ་ཐང་ཐོ་འགོད་བྱས་པ།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཁྱོན་འཐུས་མི2977ཡོད། སྤྱིར་ན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཚབ་མཚོན་རང་བཞིན་ཆེན་པོ་ལྡན་ཞིང་། ས་ཁུལ་ཁག་དང་། མི་རིགས་ཁག ཕྱོགས་གང་ས་ཅི་ཐད་བཅས་ནས་འཐུས་མིའི་གྲངས་འབོར་འོས་འཚམས་ཡོད་པའི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།
ཞིབ་ཕྲའི་གོ་རིམ་ནི་སྤྱིར་བཏང་བྱས་ན།མིང་འདོན་འོས་སྦྱོར་བྱེད་པ།
གྲོས་འགོའི་མིང་ཐོར་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་པ།
སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་འཆམ་ཡོང་བ་བྱེད་པ།
སྲིད་གྲོས་ཨུ་ཡོན་གསབ་སྣོན་བྱ་དགོས་ཚེ་གོང་གསལ་གོ་རིམ་བརྒྱུད་དགོས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གྲོས་འགོ་འདོན་པ། མི་དམངས་འཐུས་ཚོཊ་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་བ།མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་སྒྲུབ་འོས་འགན་ནམ་དབང་ཆ་ལག་བསྟར་གནང་བ།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ནི།རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་འདོན་པ།སྲིད་གྲོས་ཨུ་ཡོན་ནས་སྲིད་གཞུང་གི་ལས་དོན་སྙན་ཞུར་སྲིད་གྲོས་ཨུ་ཡོན་ནས་སྲིད་ཞུགས་སྲིད་གླེང་གནང་བ་བཅས་རེད།ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།