རང་རྒྱལ་གྱི་ཏོག་གསར་སྨན་ཐོག་མའི་རིན་གོང་གཏན་འཁེལ་འདུག

        2022-08-12

མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན་གསར་འགོད་པས་ཧོ་ནན་ཀྲེན་ཧྲི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཏོག་གསར་གློ་ཚད་བཅོས་པའི་ཨ་ཙེ་ཧྥུའུ་ཏིང་སྨན་གྱི་རིན་གོང་རགས་ཙམ་གཏན་འཁེལ་བྱས་པ་སྟེ། ཤེལ་དམ་རེར་སྒོར་300མན་ཡིན་ཞིང་། ཤེལ་དམ་རེའི་ནང་སྨན་ལེབ་35ཡོད་པ་དང་རེ་རེར་1mgཡོད།
   ཟླ་7ཚེས་25ཉིན། རྒྱལ་ཁབ་སྨན་རྫས་དོ་དམ་ཅུས་ཀྱིས་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྨན་རྫས་ལ་དམིགས་བསལ་གྱི་ཞིབ་བཤེར་ཆོག་མཆན་གྱི་གོ་རིམ་ལྟར་འཕྲལ་སྡོམ་ཞིབ་བཤེར་མཆན་འགོད་བྱས་པ་དང་། ཧོ་ནན་ཀྲེན་ཧྲི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་པའི་ཨ་ཙེ་ཧྥུའུ་ཏིང་ཏོག་གསར་གློ་ཚད་ཀྱི་ནད་འཁེལ་སྨན་རིགས་ཡིན་པའི་ཐོ་འགོད་རེ་ཞུས་ལ་ཆ་རྐྱེན་ཟུར་འགོད་ཀྱི་ཆོག་མཆན་སྤྲད་པ་རེད།
   དེ་ནས། ཨ་ཙེ་ཧྥུའུ་ཏིང་སྨན་ལེབ་དེ་རྒྱལ་ནང་དུ་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་ཁོང་བསྟེན་སྨན་རྫས་སུ་གྱུར་པ་མཚོན་ཡོད།

  • ལེ་ཚན་སྔོན་མ།:ཁ་སང་རྒྱལ་ཡོངས་སུ་ས་གནས་རང་ནས་ཐོན་པའི་ཏོག་གསར་གློ་ཚད་ནད་པ614ཡོད།
  • ལེ་ཚན་རྗེས་མ།:སྣུམ་གོང་བསྟུད་མར་ཐེངས་བཞི་པར་ཆག་རྒྱུའི་རེ་བ་ཡོད།
  • དོ་སྣང་ཆེ་བའི་རྩོམ།