རང་རྒྱལ་གྱིས་བཙུགས་པའི5Gསྦྲེལ་ཚུགས་ཀྱིས་གོ་ལ་ ཧྲིལ་པོའི་བཅུ་ཆ་དྲུག་ཡན་བཟུང་བ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2022-08-09

གྲོང་གསེབ་ས་ཁུལ་དུ་དྲ་སྦྲེལ་ཁྱབ་ཚད་བརྒྱ་ཆ57.6བར་འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་སྤྱི་ཟླ8པའི་ཚེས2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་འགྲོ་ཚུལ་ལ་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱས་ནས། གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་ཆུ་ཚད་ལ་དཔྱད་དཔོག་བྱེད་པའི་ལས་དོན་སྤེལ་ཏེ 《གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་སྙན་ཞུ (2021ལོ)》(གཤམ་ལ《སྙན་ཞུ》ཞེས་བསྡུ་རྒྱུ)སྒྲིག་བཟོ་བྱས་ཟིན་ཡོད།《སྙན་ཞུའི》ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང2021ལོའི་འཕེལ་རིམ་གྱི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་སྡོམ་དང་། 2021ལོའི་ས་ཁུལ་ཁག་གི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་ལ་དཔྱད་དཔོག་བྱས་པ་མ་ཟད། 2022ལོའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ལ་རྒྱང་ལྟའང་བྱས་པ་རེད།

《སྙན་ཞུའི》ནང་མངོན་པར། 2017ལོ་ནས2021ལོ་བར་རང་རྒྱལ་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར7.72ནས་དུང་ཕྱུར10.32བར་འཕར་བ་དང་། དྲ་སྦྲེལ་ཁྱབ་ཚད་བརྒྱ་ཆ55.8ནས་བརྒྱ་ཆ73བར་འཕར། ལྷག་པར་དུ་གྲོང་གསེབ་ས་ཁུལ་དུ་དྲ་སྦྲེལ་ཁྱབ་ཚད་བརྒྱ་ཆ57.6བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་དུ་དྲ་སྦྲེལ་ཁྱབ་ཚད་ཀྱི་ཧེ་བག་བརྒྱ་ཆའི་གྲངས11.9བར་ཆག་ཡོད། 2021ལོའི་ལོ་མཇུག་བར་རང་རྒྱལ་དུ5Gསྦྲེལ་ཚུགས་ཁྲི142.5བཙུགས་ཡོད་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་བརྒྱ་ཆ60ཡན་བཟུང་བ་དང5Gསྤྱོད་མཁན་དུང་ཕྱུར3.55ཟིན་ཡོད་པ་རེད། རྒྱལ་ཡོངས་སུ་གྲོང་ཁྱེར300ལྷག་ཙམ་ལ་ཀྲའོ་ཆིག་སྟོང་ཟིན་པའི་འོད་སྐུད་དྲ་ཆེན་སྐྲུན་འགོ་ཚུགས་པ་དང་། ཀྲའོ་ཆིག་སྟོང་ཟིན་པའི་འོད་སྐུད་སྤྱོད་མཁན་ཁྲི3456ཟིན་ཡོད་པ་རེད། གྲོང་གསེབ་དང་གྲོང་ཁྱེར་དུ “དྲ་བ་དང་མྱུར་ཚད་གཅིག་མཚུངས”བྱུང་བ་དང་། སྲིད་འཛིན་གྲོང་ཚོ་དང་དབུལ་སྒྲོལ་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་བརྒྱ་ཆ100ཟིན་པ། སྲིད་འཛིན་གྲོང་ཚོར་འོད་སྐུད་དང4Gཤར་གཏོང་ཐུབ་པའི་བསྡུར་ཚད་བརྒྱ་ཆ99ལྷག་ཙམ་ཟིན་ཡོད་པ་རེད།

《སྙན་ཞུའི》ནང་མངོན་པར། 2017ལོ་ནས2021ལོ་བར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་དུང་ཕྱུར་ཁྲི27.2ནས་དུང་ཕྱུར་ཁྲི45.5བར་འཕར་ཏེ་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ་དང་། ལོ་རེར་ཆ་སྙོམས་མཉམ་འདུས་འཕར་ཚད་བརྒྱ་ཆ13.6ཟིན་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆ32.9ནས་བརྒྱ་ཆ39.8བར་འཕར་ཏེ་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་ཆ་འཕྲིན་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ། བཟོ་ལས་དྲ་སྦྲེལ་སྤྱོད་མཁན་རྒྱལ་དམངས་དཔལ་འབྱོར་ཆེ་རིགས45ལ་ཁྱབ་པ། དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར2017ལོའི་སྒོར་དུང་ཕྱུར་ཁྲི29ནས2021ལོའི་སྒོར་དུང་ཕྱུར་ཁྲི42བར་འཕར་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་གསར་པ་བསྒྲགས།
  • ལེ་ཚན་རྗེས་མ།:ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར4449བཏང་བ་དེ་དུས་མཉམ་ལས59.5%འཕར་བ།
  • དོ་སྣང་ཆེ་བའི་རྩོམ།