ཉེ་བའི་ལོ་ལྔའི་རིང་གཙང་གསུམ་འབྱུང་ཡུལ་ནས་ཆུ་རྒྱུག་ཚད་ཆ་སྙོམས་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར92ལྷག་མང་དུ་ཕྱིན།

ཡེ་ཤེས་ཀྱིས་བསྒྱུར།        2022-08-04

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་ཁྱབ་བསྒྲགས་བྱས་པའི《2020ལོའི་མཚོ་སྔོན་གྱི་ཆུའི་ཐོན་ཁུངས་སྤྱི་བསྒྲགས》ལས་མངོན་པར་གཞིགས་ན། 2020ལོར་མཚོ་སྔོན་ཞིང་ཆེན་ནས་ཕྱི་ཁོངས་སུ་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར954.98ལ་ཟིན་པས2016ལོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར463.58མང་དུ་ཕྱིན་པ་དང་། ཉེ་བའི་ལོ་ལྔའི་རིང་ཆ་སྙོམས་ལོ་རེར་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར92ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཆུའི་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལི་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་མགོའི་ས་ཁུལ་ནས་ཕྱི་ཕྱོགས་སུ་ཆུ་རྒྱུག་ཚད་མང་དུ་ཕྱིན་པ་དེ་གཙོ་བོ་ཆར་ཆུ་འབབ་ཚད་མང་དུ་ཕྱིན་པ་དང་འཁྱགས་རོམ་བཞུར་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་མཐོ་སྒང་གི་དྲོད་གཤེར་ཅན་གྱི་ཁྱད་ཆོས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཞིང་། འབྲི་ཆུའི་འབྱུང་ཁུངས་ས་ཁོངས་ལ་མཚོན་ན། གཙང་གསུམ་ཆུ་མགོའི་འདས་པའི་ལོ་བཅུ་ལྷག་ཙམ་གྱི་ཆ་སྙོམས་དྲོད་ཚད་ལོ40ལྷག་ཙམ་གོང་གི་ཆ་སྙོམས་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ1.4འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་འབྱུང་ཁུངས་ས་ཁུལ་ནས་ཆུ་རྒྱུག་ཚད་ཆེས་ཆེར་འཕར་བ་དེས་གཙང་གསུམ་འབྱུང་ཁུངས་ཀྱི་ཆུ་འདོན་དང་ཆུ་འདྲེན་ལས་གྲྭ་འཛུགས་སྐྲུན་ལ་རྨང་གཞིའི་ཆ་རྐྱེན་མཁོ་འདོན་ཐུབ་ནས་འབྲི་ཆུའི་ཆུ་མགོ་སོགས་ས་ཁོངས་ཀྱི་ཆུའི་སྐྱེ་ཁམས་དང་ཆུའི་ཁོར་ཡུག་ལེགས་སུ་འགྲོ་བ་དང་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ་དང་ཆབས་ཅིག སྨད་རྒྱུད་ཞིང་ཆེན་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་སྤྱོད་བཀོལ་གཏོང་བྱས་པར་བར་མཐོངས་དེ་བས་ཆེན་པོ་མཁོ་འདོན་བྱེད་ཐུབ་སྲིད་རྒྱུ་རེད།

འབྲི་ཆུ་དང་། རྨ་ཆུ། རྫ་ཆུའི་འབྱུང་ཁུངས་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་གལ་ཆེན་ཞིག་རེད་ལ། ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོ་ཆེ་གྲས་མང་ཤོས་དང་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་གསར་པ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།