རང་ཁུལ་གྱིས་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་ཨང20པ་བཏང་།

ཐུབ་ཀྱིས་བསྒྱུར།        2022-08-03

དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས།

(ཨང20པ།)

    ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་གོ་ཆོད་པོ་བྱེད་ཅིང་། “ཕྱི་ནས་རིམས་ནད་མི་འགོ་བ་དང་ནང་ནས་བསྐྱར་དུ་མི་ཐོན་པ་སྔོན་འགོག་བྱེད་པའི”ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པའི་ཆེད། དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང19པ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་རྒྱལ་ཁབ་དང་ཞིང་ཆེན་གྱི་འགོག་ཟོན་བླང་བྱ་གསར་ཤོས་ལ་གཞིགས་ནས་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ།

གཅིག། བདེ་ཐང་ཨང་རྟགས་བཤེར་ཞིབ་ནན་པོ་བྱ་དགོས། ཁུལ་ཡོངས་ཀྱི་སི་ཁྲོན་ནས་ཡོང་བའི་འགག་ཚུགས་ཚང་མ་རུ་བདེ་ཐང་ཨང་རྟགས་དང་། འགྲོ་སྐྱོད་ཨང་རྟགས། ཉིང་སྐྱུར་དཔེ་བཤེར་སྙན་སེང་བཅས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། འགྲིམ་འགྲུལ་ས་ཚུགས་དང་། མགྲོན་ཁང་། ཚོང་ཁང་། རིག་གནས་རོལ་རྩེད། ལྗོངས་ཁུལ། གནས་ཚང་འགྲུལ་ཁང་། དྲྭ་མོལ་ཁང་། ཨར་ཁང་། གླུ་གར་ཁང་། ཁྲུས་ཁང་། མིག་མངས་ཁང་། (མཱ་ཅང་ཁང་།)དྲྭ་ཁང་། གློག་རྡུལ་རྩེད་རྩལ་ཁང་སོགས་སྤྱི་པའི་འདུ་གནས་སུ་གཟུགས་པོའི་དྲོད་ཚད་བརྟག་དཔྱད་དང་། བྱེད་སྒོ་སྤེལ་ཡུལ་གྱི་ཨང་རྟགས་བཤེར་བ། བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་ཨང་རྟགས་ལ་ཞིབ་བཤེར་བྱེད་པ་བཅས་ལག་ལེན་ནན་པོར་བསྟར་དགོས།

གཉིས། ཉིང་སྐྱུར་དཔེ་བཤེར་ནན་པོ་བྱ་དགོས། སི་ཁྲོན་དུ་ཡོང་ཕྱིན་ངེས་པར་ཉིང་སྐྱུར་དཔེ་བཤེར་བྱ་དགོས་པ་དང་ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་མཁན་ལ་ཉིན་གསུམ་ནང་དཔེ་བཤེར་ཐེངས་གཉིས་བྱ་དགོས་པའི་བྱེད་ཐབས་ལག་ལེན་ནན་པོ་བསྟར་དགོས། རིམས་ཚུལ་འགོག་ཟོན་གྱི་དགོས་མཁོར་གཞིགས་ནས་དགོས་ངེས་སྐབས་སུ་ཉིན་གསུམ་ནང་དཔེ་བཤེར་ཐེངས་གསུམ་བྱ་དགོས། ཉེན་ཁ་ས་ཁུལ་མ་ཡིན་པའི་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་ཚང་མར་ཐག་ཉེ་སར་ཉིང་སྐྱུར་དཔེ་བཤེར་ཐེངས་གཅིག་བྱ་དགོས།

གསུམ། ཁ་ཤུབས་བརྒྱག་རྒྱུ་ནན་པོ་བྱ་དགོས། འགྲིམ་འགྲུལ་ས་ཚུགས་དང་། མགྲོན་ཁང་། ཚོང་ཁང་། རིག་གནས་རོལ་རྩེད། ལྗོངས་ཁུལ། གནས་ཚང་འགྲུལ་ཁང་། དྲྭ་མོལ་ཁང་། ཨར་ཁང་། གླུ་གར་ཁང་། ཁྲུས་ཁང་། མིག་མངས་ཁང་། (མཱ་ཅང་ཁང་།)དྲྭ་ཁང་། གློག་རྡུལ་རྩེད་རྩལ་ཁང་སོགས་སྤྱི་པའི་འདུ་གནས་སུ་འགྲོ་སྐབས་ངེས་པར་དུ་རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུ་དང་ཁ་ཤུགས་ཡང་དག་པ་བརྒྱག་དགོས།

བཞི། མི་སྣ་ཉེན་ཁ་ཅན་ལ་ཚགས་བཤེར་དང་དོ་དམ་ཚོད་འཛིན་ནན་པོ་བྱ་དགོས། སི་ཁྲོན་དུ་ཡོང་བའི་འགག་ཚུགས་དང་མཇུག་མཐའི་གནད་མཚམས་ སུ་ཉེན་ཁ་ཡོད་པའི་ས་ཁུལ་གྱི་གསལ་ཐོ་དང་ཞིབ་བསྡུར་ནན་པོ་བྱས་ནས་ཉེན་ཁ་ཡོད་པའི་མི་སྣ་ལ་ཚགས་བཤེར་དང་དབྱེ་འབྱེད་བྱེད་ཅིང་མི་གཅིག་དང་རླངས་འཁོར་གཅིག་ཀྱང་མ་ལུས་པ་བྱས་ནས་ཉེན་ཁ་ཡོད་པའི་མི་སྣར་རིགས་བགོས་ནས་དོ་དམ་གནད་སྨིན་བྱ་དགོས།

ལྔ། མཇུག་མཐའི་གནད་ཐུག་སར་དོ་དམ་ནན་པོ་བྱ་དགོས། བླང་བྱ་ལྟར་དོ་དམ་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་མེད་པའི་གནས་ཡུལ་དང་། ཁྲོམ་རའི་གཉེར་སྐྱོང་བྱེད་པོ། དེ་བཞིན་སྤྱི་པའི་འདུ་གནས་བཅས་ལ་རྟགས་བྱང་དམར་པོ་དང་སེར་པོ་སྤྲད་པའི་བཅོས་སྒྲིག་ལམ་ལུགས་ལག་བསྟར་ནན་པོ་བྱ་དགོས། འགོག་ཟོན་གྱི་བླང་བྱ་ལྟར་དེ་དང་མཐུན་པའི་ཉིང་སྐྱུར་དཔེ་བཤེར་གྱི་ཐེངས་གྲངས་དོན་འཁྱོལ་མ་བྱེད་པའི་མི་སྒེར་ལ་གཅིག་སྡུད་ངང་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་དོ་དམ་ཚོད་འཛིན་གྱི་དུས་ཚོད་བསྐྱར་དུ་རྩིས་བརྒྱག་རྒྱུ་ཡིན་ལ། འབྲེལ་ཡོད་འགྲོ་གྲོན་རང་གིས་སྤྲད་དགོས། རིམས་ཚུལ་འགོག་ཟོན་གྱི་གཏན་འབེབས་དོན་འཁྱོལ་ནན་པོ་མ་བྱེད་པའི་དབང་གིས་རིམས་ནད་ཁྱབ་མཆེད་དུ་སོང་བའི་སྡེ་ཚན་དང་མི་སྒེར་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏང་དགོས།

     སྤྱི་བསྒྲགས་འདི་དཔར་འགྲེམ་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན། དེ་སྔོན་ཁྱབ་བསྒྲགས་བྱས་པའི་ནང་དོན་སྤྱི་བསྒྲགས་འདི་དང་མི་མཐུན་པ་ཡོད་ན། སྤྱི་བསྒྲགས་འདི་ཚད་གཞིར་བྱ་དགོས། རྒྱལ་ཁབ་དང་།ཞིང་ཆེན།ཁུལ་བཅས་ཀྱི་གཏན་འབེབས་གསར་པ་ཡོད་རིགས་གཏན་འབེབས་གསར་པ་ལྟར་ལག་བསྟར་བྱ་དགོས།


དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ།

2022ལོའི་ཟླ་བ7ཚེས31ཉིན།


  • ལེ་ཚན་སྔོན་མ།:འདི་ལོར་རང་ཁུལ་གྱིས་ཞིང་འབྲོག་པའི་ཡོང་འབབ་འཕར་ཐབས8བཏོན་འདུག།
  • ལེ་ཚན་རྗེས་མ།:ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།
  • དོ་སྣང་ཆེ་བའི་རྩོམ།