ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

ཡེ་ཤེས་ཀྱིས་བསྒྱུར།        2022-08-04

    ཉེ་ཆར། ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དངོས་སུ་སྤྱི་དམངས་ལ་སྒོ་ཕྱེ་ཡོད། ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་ནི་ཧྲང་ཏུའུ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་དུ་གནས་ཡོད། དེ་ནི་ཆེད་དོན་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པ་དང་། འགྲེམས་ཁང་གི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ5500ཙམ་ལ་ཟིན་ཞིང་། ཟངས་ཆས་དང་གཡང་ཊི། རུས་ཆས། རྫ་ཆས་སོགས་རིག་དངོས1000ལྷག་ཙམ་འགྲེམས་སྟོན་བྱས་པར་མ་ཟད། བྱེ་གཞོང་གི་བཟོ་དབྱིབས་དང་། ཡུལ་རྣམ་སླར་གསོ། སྒྲ་འོད་གློག་ལག་རྩལ་སོགས་ཀྱི་གཞོགས་འདེགས་བྱ་ཐབས་སྤྱད་དེ་ཀྲེང་ཀྲོའུ་ཧྲང་ཏུའུ་ཡི་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་རིག་དངོས་དང་གནའ་ཤུལ། གནའ་རྫས་རྟོག་ཞིབ་ཞིབ་འཇུག། གནའ་ཤུལ་སྲུང་སྐྱོང་གྲུབ་འབྲས་སོགས་ཀྱི་ནང་དོན་འགྲེམས་སྟོན་བྱས་པ་རེད།།

ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་གི་བཤམས་རྫས་རེད།

ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་གི་ཟུར་ཞིག།

ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བཤམས་པའི་ཟངས་བཟོའི་རྣམ་པ་རེད།

   ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་བཤམས་སྟོན་ཁང་དུ་བཤམས་པའི་རྫ་བཟོའི་རྣམ་པ་རེད།

ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་དངོས་མང་བཤམས་སྟོན་ཁང་དུ་བཤམས་པའི་གཅན་གཟན་གདོང་རིས་ཀྱི་སྟ་གྲི་རེད།

ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་ལྟད་མོ་བས་གནའ་རྫས་ལ་ལྟད་མོ་ལྟ་བཞིན་པའི་ཚུལ་རེད།

ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

འདི་ནི་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་བཤམས་སྟོན་ཁང་དུ་བཤམས་པའི་རྫ་ཡིག་གི་ཡིག་གཟུགས་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་ཨང20པ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།