དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་ལས་ཀྱིས་འབྱོར་འབྲིང་ལམ་བུ་བཏོད།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-01

དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་ལས་ཀྱིས་འབྱོར་འབྲིང་ལམ་བུ་བཏོད།

པད་མ་ལྷ་མོས་རྟེན་གཞིར་ལས་ཀ་སྒྲུབ་བཞིན་པའི་ཚུལ།

དབྱར་ལྗོངས་ཀྱི་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་བཞི་ལིང་གྲོང་སྡེ་རུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ཞིང་། མུའུ་སྟོང་གི་མཐོ་སྒང་ལུག་མིག་དང་སྐྱེ་ལྡན་སྔོ་ཚལ་སོགས་སྐྱེ་ལྡན་ཞིང་ལས་སྐྱེ་དངོས་དཔེ་སྟོན་འདེབས་འཛུགས་རྟེན་གཞིའི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས།

པད་མ་ལྷ་མོ་ནི་བཞི་ལིང་གྲོང་སྡེའི་གྲོང་མི་ཞིག་ཡིན་ཞིང་། མོས་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་བཞི་ལིང་གྲོང་སྡེ་དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་ལས་གཉེར་བྱེད་བཞིན་ཡོད་པ་དང་རྟེན་གཞིའི་ས་ཞིང་ནང་གི་རིགས་འདྲ་མིན་གྱི་ལུག་མིག་མེ་ཏོག་དང་སྔོ་ཚལ་སོགས་ལ་ཡུར་མ་ཡུར་བ་དང་ཆུ་འདེབས་པ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད། མོའི་ཁྱིམ་ཚང་རྟེན་གཞི་དང་བར་ཐག་མི་རིང་བའི་སར་ཆགས་ཡོད་པས་ཉིན་རྒྱུན་རྐང་ཐང་དུ་འགྲོ་འོང་བྱེད་ཀྱི་ཡོད་ལ་ཧ་ཅང་སྟབས་བདེ་མོ་ཡིན།

པད་མ་ལྷ་མོས་ངེད་ཚང་ལ་ཁྱིམ་མི7དང་རྨོ་ཞིང་མུའུ7ལྷག་ཙམ་ཡོད། དེ་སྔོན་ལོ་གཅིག་ལ་ལས་ཀ་བྱས་ཀྱང་ཡོང་འབབ་སྒོར3000ཡང་ལ་ཟིན་གྱི་མེད། ད་ཆ་ས་ཞིང་མུའུ7ཚང་མ་མཉམ་ལས་ཁང་ལ་ནང་བཤུག་བཏང་རྗེས་ཡོང་འབབ་ལྡབ་ཁ་ཤས་མང་དུ་སོང་བས་དེ་སྔོན་ཀྱི་འབྲུ་རིགས་འདེབས་པ་དང་ཕྱུགས་འཚོའི་ཡོང་འབབ་ལས་ཡག་པོ་འདུག་ཅེས་བཤད།

པད་མ་ལྷ་མོས་གསར་འགོད་པར་དེ་སྔོན་ང་ཚོས་འབྲུ་རིགས་འདེབས་པའམ་ཡང་ན་ཚོད་དཀར་དང་། ཞོག་ཁོག་གང་བཏབ་ཀྱང་འདེབས་ཁྱོན་རྒྱ་ཆེ་ཡང་བསྡུ་ཚད་ཉུང་བ་དང་དོ་དམ་གྱི་ཉམས་མྱོང་མེད་རྐྱེན་ལོ་ལེགས་འབྱུང་མིན་ཚང་མ་གནམ་གཤིས་ལ་རག་ལས་ཡོད། ད་ཆ་ང་ཚོས་རྟེན་གཞིར་ལས་ཀ་སྒྲུབ་ཀྱི་ཡོད། ལག་རྩལ་པས་ང་ཚོར་སྔོ་ཚལ་གྱི་འདེབས་འཛུགས་ལག་རྩལ་བསླབ་པ་དང་རྟེན་གཞིའི་ནང་བཏབ་པའི་ཞོག་ཁོག་དང་པད་ཚལ་སོགས་སྔོ་ཚལ་མུའུ་རེའི་ཐོན་འབབ་སྔོན་ཆད་ལས་ལྡབ་གཅིག་འཕར་འདུག། ད་ལོ་ངས་ཁྱིམ་དུ་ཞོག་ཁོག་ས་ཞིང་སྐར་མ་ལྔ་བཏབ་པ་ཡིན། ལག་རྩལ་པས་ཁྲིད་པའི་འགྱིག་ཁེབས་བེད་སྤྱད་དེ་ཞོག་ཁོག་བཏབ་པ་ཡིན། དེར་ས་ཞིང་ནང་དུ་རྩྭ་ལྡུམ་མི་སྐྱེ་བ་སོགས་ས་ཞིང་དོ་དམ་བྱེད་པར་སྟབས་བདེ་བར་མ་ཟད་ཐོན་ཚད་ཀྱང་མཐོན་པོ་འདུག། ས་ཞིང་སྐར་མ་ལྔའི་ཐོན་འབབ་རྒྱ་མ3000ཙམ་ལ་ཟིན་ནས་ཐོན་རྫས་རིན་ཐང་སྒོར5000ཙམ་ཡོང་གི་འདུག་ཅེས་བཤད།

པད་མ་ལྷ་མོས་མཐོ་སྒང་ལུག་མིག་ནི་ས་བབ་མཐོ་ཚད་སྨི3000ཡན་གྱི་ས་ཁུལ་དུ་སྐྱེས་ཡོད་པ་དང་རི་མཐོན་པོའི་གཙང་ཆུས་གསོ་སྐྱོང་བྱས་ཤིང་རང་བྱུང་ལྷད་མེད་ཅིག་ཡིན། མཐོ་སྒང་ལུག་མིག་གིས་ཁྲག་སྤྲི་དང་ཁྲག་མངར། ཁྲག་ཤེད་མཐོ་བ་སོགས་ལ་ཕན་པར་མ་ཟད། ཚ་བ་དང་དུག་སེལ་བ། གཉིད་ཁུག་པ་སོགས་ལ་ཕན་པ་འདུག་ཅེས་ཆེད་མཁས་པ་ཞིག་དང་འདྲ་བར་ལན་བཏབ།

རྟེན་གཞིའི་ནང་གི་མཐོ་སྒང་ལུག་མིག་ནི་ཆེས་དམིགས་བསལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་ང་ཚོའི་བློ་ཚགས་ཞིབ་མོའི་སྒོས་འདེབས་གསོ་བྱས་པ་ཡིན་ལ་ས་གནས་དེ་གར་འཚམ་པའི་སོན་བཟང་ཞིག་རེད། དཔལ་ཡུལ་རྫོང་ཞིང་སྤེལ་སྤྱི་གཉེར་ཁང་གི་ལས་དོན་མི་སྣས་གསར་འགོད་པར་ལུག་མིག་ནི་མཐུན་འཕྲོད་རང་བཞིན་ཆེ་ཤིང་ཉི་འོད་ཕོག་ཡུན་ཐུང་བའི་སྐྱེ་དངོས་ཤིག་རེད། ཟུར་ལུགས་བོད་སྨན་གྱི་འབྱུང་ཡུལ་ཡིན་པའི་ཆ་ནས། དཔལ་ཡུལ་རྫོང་གི་ས་བབ་མཐོ་རུང་གནམ་གཤིས་དྲོ་བ་དང་དུས་མཚུངས་སུ་འབུ་སྐྱོན་དང་ནད་སྐྱོན་ལ་རང་བྱུང་གི་ཁ་གནོན་ཡོད་པ་རེད། སྨུག་ཕྱིའི་འོད་ཤུགས་ཆེ་བ་དེས་ལུག་མིག་འདེབས་འཛུགས་ལ་ཐུན་མིན་གྱི་ཆ་རྐྱེན་མཁོ་འདོན་བྱས་པ་རེད་ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞིའི་ནང་ད་དུང་ལུག་མིག་སེར་པོ་སོགས་རིགས་མང་བའི་ལུག་མིག་ཇ་བཏབ་ཡོད། 2018ལོ་ནས་བཟུང་། རྟེན་གཞིས་གླིང་ཁུལ་དང་ཁེ་ལས། མཉམ་ལས་ཁང། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་སྤྱད་དེ་ས་ཞིང་ནང་བཤུག་དང་ངལ་ནུས་གཞན་སྒྱུར། ལས་གཉེར་ལས་ཞུགས། ཐོན་རྫས་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། འཛིང་ཁོག་ཡུལ་ཤོག་བཞི་ལིང་གྲོང་སྡེ་སོགས་གྲོང་སྡེ4ཡི་ས་ཞིང་ནང་བཤུག་དང་ལས་གཉེར་ལས་ཞུགས་ཡོང་འབབ་སྒོར་ཁྲི460ལྷག་ལ་ཟིན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་ཡོད་པ་རེད་དོ།།




  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྨན་པ་རྐང་འཛིན་པ་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།