བོད་ལྗོངས་བྲག་གསུམ་མཚོའི་མཛེས་ལྗོངས།

རྩོམ་སྒྲིག་པས་འཚོལ་སྡུད་བྱས།        2022-07-29

  བོད་ལྗོངས་བྲག་གསུམ་མཚོའི་མཛེས་ལྗོངས།

   གནས་མཆོག་བྲག་གསུམ་མཚོ་ནི་རང་རྒྱལ་གྱི་རིག་དངོས་སྲུང་སྐྱོང་བྱ་ཡུལ་གྱི་གྲས་ཤིག་ཡིན་པ་དང་། ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་མཚོ་འགོ་ཡུལ་སྡེའི་སྲིད་གཞུང་གི་བྱང་ཕྱོགས་སྤྱི་ལེ2ཙམ་གྱི་སར་ཡོད། རྒྱ་སྐད་དུ་གསུམ་མཚོ་ཞེས་འབོད་ཀྱིན་ཡོད། གནས་མཆོག་དེར་དམིགས་བསལ་ཅན་གྱི་ས་ཆ་ཡག་པོ་ཞིག་ཡོད་པ་ནི་མཚོ་རྫོང་དགོན་ཡིན་ལ། དེ་ནི་མཚོ་འགོ་ཡུལ་ཤོག་གི་བྱང་ཕྱོགས་སུ་སྣུམ་ནག་གཞུང་ལམ་བརྒྱུད་དེ་སྤྱི་ལེ3ཙམ་ཕྱིན་ན་དགོན་པ་དེར་སླེབས་ཐུབ། བྲག་གསུམ་མཚོའི་མཚོ་དཀྱིལ་གླིང་ཕྲན་ཐོག་ཏུ་གནས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གསང་སྔགས་རྙིང་མའི་བདག་ཉིད་ཅན་གཏེར་སྟོན་སངས་རྒྱས་གླིང་པས་དུས་རབས17གྱི་དུས་དཀྱིལ་དུ་བཞེངས་པ་དང་། ད་བར་མི་ལོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད།

བོད་ལྗོངས་བྲག་གསུམ་མཚོའི་མཛེས་ལྗོངས།

བོད་ལྗོངས་བྲག་གསུམ་མཚོའི་མཛེས་ལྗོངས།

བོད་ལྗོངས་བྲག་གསུམ་མཚོའི་མཛེས་ལྗོངས།

བོད་ལྗོངས་བྲག་གསུམ་མཚོའི་མཛེས་ལྗོངས།

  • ལེ་ཚན་སྔོན་མ།:དབྱར་གཞུང་གི་དཔལ་དགེ་རྡོ་འབུམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།