རང་རྒྱལ་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་མི་འབོར་ བརྒྱ་ཆ95ལ་ཁྱབ་སྦྲེལ་ཐུབ་ཡོད།

    མི་དམངས་དྲ་བ་ནས་དྲངས།    2022-08-01

● མྱུར་བགྲོད་གཞུང་ལམ་གྱི་དྲ་བ་རྫོང་རིམ་པའི་སྲིད་འཛིན་ཁུལ་བརྒྱ་ཆ88དང་མི་འབོར་བརྒྱ་ཆ95ལ་ཁྱབ་སྦྲེལ་ཐུབ་ཡོད།

● 《རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་འཆར་འགོད》ནང་བཏོན་པ་ལྟར་ན། 2035ལོར་བསླེབ་སྐབས་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་སྤྱིའི་གཞི་ཁྱོན་སྤྱི་ལེ་ཁྲི46.1ལྷག་ལ་ཟིན་རྒྱུ།

● གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག2011ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི356.4ནས་2021ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི446.6བར་འཕར་ཡོད།

པེ་ཅིང་ནས་སྤྱི་ཟླ7ཚེས25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས25ཉིན་འཚོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་གཙོས་པའི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་གྲོང་ཁུལ་གྱི་བརྒྱ་ཆ98.8ཀྱི་མི་འབོར་ཁྲི20ཡན་གྱི་གྲོང་ཁྱེར་དང་དེ་བཞིན་ས་ཁུལ་རིམ་པའི་སྲིད་འཛིན་ལྟེ་གནས་ལ་ཁྱབ་པ་དང་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་བརྒྱ་ཆ88དང་མི་འབོར་བརྒྱ་ཆ95ཙམ་ལ་འབྲེལ་མཐུད་ཐུབ་པ་དང་། རྒྱལ་ལམ་དཀྱུས་མ་སྤྱིར་ན་རྫོང་རིམ་པ་དང་དེ་ཡན་གྱི་སྲིད་འཛིན་ཁུལ་དང་དུས་རྒྱུན་རླངས་འཁོར་ཤར་གཏོང་ཐུབ་པའི་མཐའ་མཚམས་འགག་སྒོ་ཚང་མར་ཁྱབ་ནས་གཙོ་གནད་ཡུལ་ཤོག་དང་གྲོང་རྡལ་དང་། ཐོན་ལས་གླིང་ཁུལ། འགྲིམ་འགྲུལ་ལྟེ་བ། དེ་བཞིན་ཡུལ་སྐོར་ལྗོངས་ཁུལ་སོགས་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་ནང་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་དང་རྒྱལ་ལམ་དཀྱུས་མའི་དྲ་བར་ཚུད་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་རྨང་གཞི་དང་སྒྲོམ་གཞི་གཙོ་བོའི་གྲུབ་ཆ་གལ་ཆེན་ཞིག་རེད། 2021ལོའི་ལོ་མཇུག་བར། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་སྤྱི་ལེ་ཁྲི11.7བསྐྲུན་ཟིན་པ་དང་། རྒྱལ་ལམ་དཀྱུས་མར་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི25.77ལ་ཟིན་ཡོད་པ་རེད། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བཀྲམ་པའི 《རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་འཆར་འགོད》ནང་བཏོན་པ་ལྟར་ན། 2035ལོར་བསླེབ་སྐབས་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་སྤྱིའི་གཞི་ཁྱོན་སྤྱི་ལེ་ཁྲི46.1ལ་ཟིན་པ་བྱ་རྒྱུ་དེའི་ནང་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་སྤྱི་ལེ་ཁྲི16.2དང་རྒྱལ་ཁབ་ཀྱི་རྒྱལ་ལམ་དཀྱུས་མའི་ལམ་ཐག་སྤྱི་ལེ་ཁྲི29.9ལ་ཟིན་པ་བྱ་རྒྱུ་རེད།

ཚོགས་འདུའི་ཐོག་ད་དུང་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག2011ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི356.4ནས2021ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི446.6བར་འཕར་བ་དང་། ལོ10ཡི་ནང་སྤྱི་ལེ་ཁྲི90ལྷག་ཙམ་དངོས་སུ་འཕར་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། གཞུང་ལམ་འཛུགས་སྐྲུན་གྱི་ལག་རྩལ་གསར་གཏོད་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་གྲངས་གཞི་ཅན་གྱི་ས་བཀྲ་དང་། ས་གཤིས་ཀྱི་རྒྱང་ཚོར། རྩིས་འཁོར་གྱི་རམ་འདེགས་ཇུས་འགོད་དང་འདྲ་བཟོ། བྱང་སྐར་སྤུན་བདུན་མ་ལག་བཀོལ་སྤྱོད་སོགས་མཚོན་བྱེད་དུ་གྱུར་པའི་གཞུང་ལམ་རྩད་ཞིབ་ཇུས་་་་་

འགོད་ལག་རྩལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་འབོལ་ས་དང་། ས་སེར། འཁྱགས་ས། བྱེ་ཐང་བཅས་ཀྱི་གཞུང་ལམ་བཟོ་སྐྲུན་ལག་རྩལ་རྒྱུན་ཆད་མེད་པར་ཁོང་དུ་ཆུད་པ་དང་འཐུས་སྒོ་ཚང་དུ་སོང་བ། བར་ཐག་རིང་བའི་ཟམ་པ་དང་དེ་བཞིན་རི་ཁུལ་གྱི་ཆེས་རིང་བའི་ཕུག་ལམ་དང་། མཚོ་གཏིང་རིང་མོའི་ཕུག་ལམ། ཚངས་ཐིག་ཆེ་བའི་ཕུག་ལམ་སོགས་ཀྱི་འབྲེལ་ཡོད་ལག་རྩལ་དང་སྒྲིག་ཆས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་ཡོད། ཕྱིན་ཆད་འབྲེལ་ཡོད་སྡེ་ཚན་གྱིས་འཆར་འགོད་དམིགས་འབེན་ལས་འགན་གཞིར་བཟུང། གཙོ་གནད་ལས་གཞི་དོན་འཁྱོལ་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་གཞན་དག་གི་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་རྒྱག་པ། གཞུང་ལམ་འཛུགས་སྐྲུན་གྱི་ལྗང་མདོག་རིག་ནུས་ཆུ་ཚད་མཐོ་རུ་གཏོང་བ། གཞུང་ལམ་སྒྲིག་བཀོད་དྲ་བ་དེ་བས་ཉེན་ཁ་མེད་ལ་བློས་འཁེལ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། དེང་རབས་ཅན་དང་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བ་བསྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་རེད།།


  • ལེ་ཚན་སྔོན་མ།:རླབས་ཆེན་ནི་ཕལ་བ་ལས་བྱུང་། ཕལ་བ་ཡིས་རླབས་ཆེན་སྐྱོང་བ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།