སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཟའ་བཏུང་འབེལ་བའི་ཐུགས་སྨོན་གནང་།

        2022-07-14

སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཟའ་བཏུང་འབེལ་བའི་ཐུགས་སྨོན་གནང་།

     དྲོད་འཇམ་གྱི་ཉི་འོད་དེ་ཁྲ་ཀན་མཚེའུ་ཐོག་འཕྲོས་ཤིང་། མུ་མཐའ་མེད་པའི་ཆུ་ངོས་སུ་འོད་མདངས་ཆེམ་ཆེམ་འཕྲོ་བཞིན་མཆིས། ལོ51ལ་སླེབས་པའི་ཉ་པ་ཧུའུ་ཧའེ་ཧྥེ་དང་ལས་རིགས་གཅིག་པའི་མི་སྣ་ཚོས་ཉ་འཛིན་ལས་ལ་བྲེལ་བཞིན་མཆིས།

     “ལོ་འདི་དག་གི་རིང་ལ། དབྱར་སྟོན་གཉིས་ཀྱི་དུས་ཚིགས་སུ་ང་ཚོས་ཆུ་འབུ་གློ་ཉ་ཉུང་ཤས་དང་ཉ་འཛིན་པ་དེ་གཉིས་ཡོང་འབབ་གཙོ་བོར་ཡིན་ལ། དགུན་དུས་གཞི་ནས་ཉ་ཆེན་པོ་བཟུང་ནས་ཐོན་ལེགས་ལ་བསུ་བ་ཞུ་ཡི་ཡོད། ཉ་རྒྱའི་དྲྭ་མིག་ཀྱང་དེ་སྔའི་ཚུན4ནས་ཚུན6བར་རྒྱ་སྐྱེད་བཏང་ནས་ཉ་ཆེན་བཟུང་ཞིང་ཉ་ཆུང་གཏོང་བ་ཡིན།”ཞེས་ཧུའུ་ཧའེ་ཧྥེ་ཡིས་བཤད། ཉ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་བརྟན་པོར་བཅངས་ནས་ཁྲ་ཀན་མཚེའུ་ཡི“གསེར་གྱི་སྒོ་བྱང”ལ་ལྟ་སྐྱོང་ཡག་པོ་བྱས་ཏེ། འཚོ་བར“ལོ་ལྟར་བཟའ་བཏུང་འབེལ”པར་བྱས།

     2018ལོའི་སྤྱི་ཟླ9པའི་ཚེས26ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་ཤར་ཞིང་ཆེན་གསུམ་ལ་རྟོག་ཞིབ་གནང་སྐབས། ཅི་ལིན་ཞིང་ཆེན་སུང་ཡོན་གྲོང་ཁྱེར་དུ་ཡོད་པའི་ཁྲ་ཀན་མཚེའུ་རུ་ཕེབས་པ་རེད། ཁྲ་ཀན་མཚེའུ་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་མཚེའུ་ཆེན་མོ་བཅུའི་གྲས་ཤིག་ཡིན་པ་དང་། དུས་ཚིགས་བཞིའི་ཡུལ་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་ཞིག་ཡོད། ལྷག་པར་དུ་ལོ་མཇུག་དང་གྲང་ངར་ཆེ་བའི་དགུན་དུས་སུ་གངས་འཁྱགས་ཀྱི་ཉ་འཛིན་པ་དང་རྔོན་རྒྱག་པ། མཱ་ལ་སྒྲིལ་འདེགས་ཡོ་བྱད་དང་ཉ་བཟུང་ལྕགས་ཀྱུ། འཁྱགས་འོག་ཉ་རྒྱ་སོགས་སྤྱད་པའི་སྲོལ་རྒྱུན་གྱི་ཉ་ལས་ཐོན་སྐྱེད་བྱེད་སྟངས་དང་གོམས་སྲོལ་དེ་རིགས་ལོ་ངོ་སྟོང་ལ་བརྒྱུད་འཛིན་བྱས་ཡོད།

     ཉིན་དེའི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲུ་ལ་བཞུགས་ཏེ་ཧུའུ་ཀན་མཚེའུ་ཡི་ལྷོ་ཕྱོགས་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་རེད། ཐག་མི་རིང་བའི་སར། ཉ་རའི་ལས་བཟོ་བཅུ་གྲངས་ཀྱིས་ཉ་འཛིན་བཞིན་ཡོད་པ་དང་ཆུ་ཡི་སྒྲ་དང་དུང་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ཡོང་ལ། སྤྱི་ཁྱབ་ཧྲུའུ་ཅི་གཡེང་ཟམ་ཐོག་ཏུ་འགོས། འོད་མདངས་རབ་ཏུ་འཚེར་ཞིང་དྲ་བ་བཀྲམ་ནས་ཉ་མོ་འཛིན་བཞིན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་སྤྱན་ལམ་དུ་མངོན།

     ལས་བཟོ་བས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་མཚམས་འདྲི་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་ཉ་པ་རྣམས་ཀྱིས་བཟུང་མ་ཐག་པའི་ཉ་ཆེན་ལ་གཟིགས་སྐབས། དེ་རིང་གི་ཡོང་འབབ་ཇི་ཙམ་ཐོབ་པ་དང་། ཆུ་ཐོན་འཚོང་ལམ་ཅི་འདྲ་རེད། ཡོང་འབབ་ཡག་པོ་ཡོད་མེད་བཅས་བཀའ་འདྲི་གནང་བ་རེད། “ང་མཚེའུ་ཡི་ནང་ལངས་ནས་ཉ་བཟུང་ཡོད་པ་མཐོང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་སེམས་ཁུར་ཆེན་པོས་ང་ལ་གྲང་མོ་འདུག་གམ། གོན་རྒྱུ་འདང་མིན་དྲིས་བྱུང”ཞེས་ཧུའུ་ཧའེ་ཧྥེས་ཕྱིར་དྲན་བྱས་ནས་བཤད། སྤྱི་ཁྱབ་ཧྲུའུ་ཅིས་ང་ལ་གོས་དྲོན་པོ་གོན་དགོས་པ་དང་། དུས་ཐོག་ཏུ་ཟ་མ་བཟའ་དགོས་ལ། ཟ་མ་ཚ་ཁོལ་ཟ་དགོས་ལ་ཟས་འཁྱག་མོ་ཟོས་ན་ཕོ་བས་བཟོད་མི་ཐུབ་ཅེས་ང་ལ་བཀའ་གསུང་གནང་ནས“ངའི་སེམས་ལ་དྲོ་སྐྱིད་སྦྱིན”།

     ལོ38ལ་སླེབས་པའི་ཉ་པ་ཆའོ་གོ་ལེའང་གིས་ཀྱང་སྐབས་དེ་དུས་ཆུ་ནང་ལས་ཀ་བྱེད་བཞིན་ཡོད། སྐབས་དེ་དུས་ཀྱི་གནས་ཚུལ་སྐོར་གླེང་སྐབས་ཁོས་སེམས་འགུལ་ཐེབས་པའི་ངང“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར‘ལོ་ལྟར་བཟའ་བཏུང་འབེལ’པའི་ཐུགས་སྨོན་གནང་སོང”ཞེས་བཤད།

     “སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི‘ལོ་ལྟར་བཟའ་བཏུང་འབེལ་བ’ཞེས་པ་ནི་ཐུགས་སྨོན་གནང་བ་ཡིན་ལ། མངགས་བཅོལ་གནང་བ་ཞིག་ཀྱང་རེད། ད་ཆ་ཉ་པ་ཚོའི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ནས་དགུན་ཁར་ཉ་ཆེན་པོ་འཛིན་པ་ལས་ཆུང་ཆུང་འཛིན་བཞིན་མེད”ཅེས་ཁྲ་ཀན་མཚེའུ་ཡི་མི་རབས་ཉི་ཤུ་པའི་ཉ་འཛིན་ལས་དཔོན་ཀྲང་ཝུན་གྱིས་བཤད།

     རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲ་ཀན་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་གཉིས་ཕན་བྱུང་བ་རྒྱུན་འཁྱོང་དགོས”ཞེས་ནན་གསུང་གནང་བ་རེད།

     ལོ་འདི་དག་ནང་ཁྲ་ཀན་མཚེའུ་ཡི་ཉ་པའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། རྨོ་བསྐྱུར་ནགས་གསོ་དང་འདམ་ར་སླར་གསོ་བྱས་པར་བརྟེན། མཚེའུ་ཡི་ཆུ་སྔར་བས་ཡག་ཏུ་ཕྱིན་པ་དང་རི་བོ་ཚང་མ་ལྗང་མདོག་ཏུ་གྱུར་ཡོད། ལོ་བཅུའི་སྔོན་ལ་ཉ་པ་རེའི་ཟླ་རེའི་ཡོང་འབབ་སྒོར་ཉིས་སྟོང་ལྷག་ལ་ཟིན་གྱིན་ཡོད། ད་ལྟ་ཐོག་བརྩེགས་ཅན་གྱི་ནང་དུ་བསྡད་ཡོད་ལ། ཟས་གོས་ལ་སེམས་ཁྲལ་མི་འདུག། དབྱར་དུས་སུ་ཆུ་འབུ་གློ་ཉ་དང་། དགུན་དུས་སུ་ཉ་སོགས་འཛིན་གྱིན་ཡོད་པར་མ་ཟད། ད་དུང་སྐྱེ་ཁམས་ཡུལ་སྐོར་ཡང་བྱེད་ཀྱི་ཡོད་པས། ཉ་པ་རེ་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་ལ་ཟིན་གྱིན་ཡོད།


ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:བྱ་སྤྱོད་འདི་རིགས་ལ་ནག་ཉེས་ཚབས་ཆེན་ལྟར་ཐག་གཅོད་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།