ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང་ཞེས་པའི་ཇུས་འདོན་ཚོགས་པའི་འཕྲིན་སྦྱོར་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

        2022-07-11

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7པའི་ཚེས4ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང་ཞེས་པའི་ཇུས་འདོན་ཚོགས་པའི་འཕྲིན་སྦྱོར་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ད་སྔར་འཛམ་གླིང་ལ་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ཉིས་བརྩེགས་ཐོན་ཡོད་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཁག་ལ་ནུས་ཤུགས་འདང་གི་མེད་པ་དང་། ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་འདི་ཉིད་ཡོ་ལང་ཆེ་ལ་འཕོ་འགྱུར་ཆེ་བའི་དུས་རིམ་གསར་པ་ཞིག་ལ་སླེབས་ཡོད་ཅིང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་འགྲོ་བ་མི་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཀྲུང་གོས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མི་དམངས་གཙོ་བོར་འཛིན་རྒྱུན་འཁྱོངས་དང་། ཀུན་ཕན་བསྟུན་མཁས་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཞི་མཐུན་མཉམ་གནས་བཅས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་གཏོང་བ་དེ་རྒྱལ་སྤྱིའི་སྔོན་འགྲོའི་གྲོས་རིམ་ནང་འཇོག་པར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོ་དེ་བས་ཤུགས་དང་ལྡན་པ་དང་། འབྱུང་འཕྲོད། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང་ཞེས་པའི་ཇུས་འདོན་ཚོགས་པའི་འཕྲིན་སྦྱོར་མཐོ་རིམ་གླེང་སྟེགས་དེ་པེ་ཅིང་དུ་གཉེར་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དྲི་ཞིམ་ཁུག་མ་ཆུང་ཆུང་འདི་ལ་མཐོང་ཆེན་གནང་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།