རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།

        2022-07-01

རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།

   

   སྤྱི་ཟླ6པའི་ཚེས29ཉིན་གྱི་དགོང་མོ། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྒྲུབ་འགན་ཁུར་བ་དང་། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་དུ་བརྩམས་པའི་གསར་བརྗེའི་སྣང་ཚུལ་མཚོན་པའི་གླུ་བྲོ་ཆེ་གྲས《རྒྱང་སྐྱོད། རྒྱང་སྐྱོད།》ཅེས་པ་དེ་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་དུ་འཁྲབ་སྟོན་ཐོག་མ་བྱེད་འགོ་བཙུགས་པ་རེད། གླུ་བྲོ་འདིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་གཙོས་བྱས་གཏམ་རྒྱུད་མི་འདྲ་བ་བཞི་བཀོད་དེ་དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་འོག་གནས་ཚུལ་ལོ་རྒྱུས་ཀྱི་དུས་སྐབས་བཞིའི་རིང་གི་འབད་འཐབ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་བཤད་ཡོད་ཅིང་། མི་རབས་ནས་མི་རབས་བར་གྱི་དཔའ་བོར་བསྔགས་བརྗོད་བྱེད་པ་དང་། རྒྱང་སྐྱོད་ཐེངས་རེ་རེ་བརྒྱུད་དེ་དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོའི་བསམ་བློར་ཡར་ཐོན་དང་འཚོ་བའི་འཕེལ་རྒྱས། མི་རིག་དར་འཕེལ་བྱུང་བ་དང་། རྒྱང་སྐྱོད་ཀྱི་ལམ་བུ་རེ་རེ་ལས་དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་ཀྱི་ལམ་བུ་མངོན་པར་བསྐྲུན་པས་ཡུལ་དངོས་ལྟད་མོ་བ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་ཆབས་ཅིག་དགའ་བསུ་ཆེན་པོ་ཡང་ཐོབ་པ་རེད།


རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།

   

རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།


    ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་སོགས་མགོ་ཁྲིད་དང་འབྲེལ་ཡོད་སྐུ་མགྲོན། འཕྲིན་སྦྱོར་འཐུས་མི། འདབ་པ་རྫོང་གི་ལས་བྱེད་པ་དང་མང་ཚོགས་སོགས་ཀྱིས་ཉི་སྟེན་ཟློས་གར་ཁང་དུ་འཁྲབ་སྟོན་ལ་གཟིགས་པ་རེད།


རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།


རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།


     གླུ་བྲོ་འདིས་རྒྱང་སྐྱོད་སྙིང་སྟོབས་གཙོ་བོ་བཟུང་ཞིང་། སྒྱུ་རྩལ་གྱི་ཐོག་ནས་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྟར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག། གསར་བརྗེའི་དཀར་མཛེས་ཁུལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཐད་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་གྲུབ་འབྲས་རླབས་ཆེན་ཐོབ་པ་མཚོན་ཡོད་པར་མ་ཟད། གླུ་བྲོའི་ནང་གི་མི་སྣ་དཔལ་དབང་ཨ་ཕ་རྒན་པོ་དང་། རྨོ་མོ་དབྱངས་ཅན། དེ་བཞིན་སངས་རྒྱས་དང་། དམར་དམག་ཆུང་བ། ཀྲང་ཧྥུ་ལིན། ལིན་ཅིང་། ཧྲུའུ་ཅི་དཔལ་སངས་སོགས་མི་གཤིས་དྲི་མ་མེད་པའི་སེམས་འགུལ་ཐེབས་པའི་དོན་རྐྱེན་བརྒྱུད་དེ། ཕུགས་བསམ་དང་དད་སེམས་བཅངས་ཏེ་ཞུམ་མེད་མདུན་སྐྱོད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། མཐུན་སྒྲིལ་རོགས་རེས་བཅས་ཀྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ཡོད་ཅིང་། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་སྤུན་ཟླའི་ཤ་རུས་མཉམ་འབྲེལ་དང་སྤུན་ཟླའི་མཛའ་གྲོགས། སོ་སྲུང་རོགས་རེས་བཅས་བྱེད་པའི་རྒྱལ་ཁབ་ཀྱི་བརྩེ་སེམས་མངོན་གང་ཐུབ་བྱས་ཏེ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་གཏིང་ཟབ་མཚོན་པ་དང་། གསར་བརྗེའི་དཀར་མཛེས་ཁུལ་དང་ཧུར་བརྩོན་གྱི་དཀར་མཛེས་ཁུལ། མཐུན་སྒྲིལ་གྱི་དཀར་མཛེས་ཁུལ། སྐྱེ་ཁམས་ཀྱི་དཀར་མཛེས་ཁུལ་བཅས་ཀྱི་བརྗིད་ཆེའི་རི་མོ་བྲིས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ལ་བསྔགས་བརྗོད་ཆེན་པོ་བྱས་ཏེ། དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་ཏང་གི་ལོ་རྒྱུས་ཤེས་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་བློ་བརྟན་འགྱུར་མེད་ངང་འབྲང་པའི་དད་སེམས་བརྟན་པོ་དང་ཕུགས་བསམ། བརྩེ་སེམས་བཅས་མཚོན་ཡོད་པ་རེད།


རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།


    དཀར་མཛེས་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ། 《རྒྱང་སྐྱོད། རྒྱང་སྐྱོད།》ཅེས་པའི་འཁྲབ་ཚན་འདོན་མཁན་ངག་དབང་ཆོས་འཕེལ་གྱིས་གསར་འགོད་པར་གླུ་བྲོ་འདིས་མི་སྣ་ཆུང་ངུ་ནས་འགོ་ཚུགས་ཏེ་ལོ་རྒྱུས་ཀྱི་གཏམ་རྒྱུད་བཤད་པ་དང་། མི་སྒེར་གྱི་དྲན་འཆར་དང་ལོ་རྒྱུས་ཀྱི་དྲན་འཆར་ཕན་ཚུན་འདྲེས་ནས་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཀྱིས་ལྟད་མོ་བའི་ཡིད་དབང་འཕྲོག་ཏུ་བཅུག་ཡོད་པར་མ་ཟད། གནས་ཚུལ་ཧྲིལ་པོའི་རྒྱས་བཤད་དོར་ནས་གཏམ་རྒྱུད་ཆུང་ངུ་ནས་དུས་རབས་ཀྱི་ལོ་རྒྱུས་ཆེན་པོ་ཟུར་མཐོང་ལེགས་མཐོང་ཐུབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།།



བདེ་ཆེན་གྱིས་བསྒྱུར།

རྩོམ་སྒྲིག་པ། བདེ་ཆེན།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།